ཨུ་ཡོན་ལི་ལིའང་གི་སེམས་འདུན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-01-31   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཨུ་ཡོན་ལི་ལིའང་གིས་2023ལོར་འབའ་ལུང་རྫོང་སྲིད་གྲོས་ཀྱིས་དུས་རབས་གསར་པའི་སྲིད་གྲོས་ལས་དོན་གྱི་བླང་བྱ་གསར་པ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་སྲིད་གྲོས་ཀྱི་འདུ་ཤེས་ཟབ་ཏུ་ཏན་ཏིག་གཏོང་བ་དང་།ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ།འགན་ནུས་ཀྱི་མཐའ་མཚམས་རྒྱ་སྐྱེད་གཏོང་བ། འགན་འཁྲི་སྒྲུབ་པའི་གཞི་རྟེན་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ནས། གྲོས་མོལ་སྲིད་གླེང་དང་། བརྟག་དཔྱད་ཞིབ་འཇུག ལས་དོན་ལྟ་ཞིབ་སོགས་ཀྱི་བྱེད་སྒོ་ཏན་ཏིག་སྤེལ་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་འབའ་ལུང་གསར་པ་འཛུགས་སྐྲུན་གང་མགྱོགས་བྱེད་པར་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད།

    ང་ཚོར་འགན་འཁྲི་བསྒྲུབས་པའི་གྲུབ་འབྲས་གསར་པ་ཐོབ་པ་དང་དུས་མཚུངས་སུ་ད་དུང་ཐག་གཅོད་བྱ་དགོས་པའི་གནད་དོན་ཁ་ཤས་ཡོད་པ་རེད།གོམ་སྟབས་རྗེས་མར་ང་ཚོས་ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གི་གསུང་བཤད་ཀྱི་དགོངས་དོན་དང་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་སློབ་སྦྱོང་དང་གོ་བ་ཡག་པོ་བླངས་ནས་དོན་དངོས་ལ་གཞི་ཚུགས་ཏེ་ལྷག་པའི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་དང་ལས་ཀའི་ཞན་ཆ་གསབ་གང་ཐུབ་བྱས་ནས་འབའ་ལུང་སྲིད་གྲོས་ཀྱི་ལས་དོན་ལ་གྲུབ་འབྲས་དེ་བས་ལེགས་པ་ཐོབ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།