བོད་ཤིང་ཕོ་འབྲུག་ལོའི་ལོ་གསར་གྱི་ཇ་སྟོན་ཚོགས་འདུ་འཚོགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-01-30   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


    ཟླ་1པོའི་ཚེས་29ཉིན་ཁུལ་སྲིད་གྲོས་ཀྱིས་2024ལོའི་བོད་ལུགས་ཤིང་ཕོ་འབྲུག་ལོའི་ལོ་གསར་གྱི་ཇ་སྟོན་ཚོགས་འདུ་འཚོགས་པ་རེད།     ཁུལ་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣ་དགའ་སྤྲོའི་མཉམ་འཛོམས་བྱུང་ནས་མཛའ་མཐུན་ངང་འཕེལ་རྒྱས་གླེང་ཡོད།


图片


图片

    ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་ཚོགས་འདུར་ཕེབས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་རེད།

图片

    ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཝུའེ་ཏུང་གིས་2023ལོའི་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་བརྡ་ཁྱབ་བཏང་བ་རེད།    

    ཁུལ་མི་དམངས་འཐུས་ཚོགས་རྒྱུན་ཨུའི་ཀྲུའུ་རེན་ཡུས་ཧྲེང་ཞང་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་མེའོ་ཡིའུ་ཧྥ་ཚོགས་འདུར་ཞུགས་པ་རེད།  

    ལུའོ་ཁྲའོ་ཧྥེང་གིས་ཁུལ་ཨུ་དང་།    ཁུལ་མི་དམངས་འཐུས་ཚོགས།    ཁུལ་སྲིད་གཞུང་།    ཁུལ་སྲིད་གྲོས་བཅས་ཀྱི་ཚབ་ཞུས་ནས་འགོ་ཁྲིད་རྒན་གྲས་དང་།    བློ་མཐུན་རྒན་གྲས།    བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ།    མི་དམངས་ཚོགས་པ་ཁག  ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་དང་ལས་རིགས་ཁག་གི་མི་སྣ།    བདེ་ཆེན་བཅའ་སྡོད་བཅིངས་འགྲོལ་དམག་དང་།    དྲག་ཆས་ཉེན་རྟོག་དཔོན་དམག  སྤྱི་བདེའི་མི་དམངས་ཉེན་རྟོག་པ།    མེ་ཟོན་རོགས་སྐྱོབ་མི་སྣ་བཅས་དང་དེ་བཞིན་བདེ་ཆེན་གྱི་འཕེལ་རྒྱས་ནང་ཞུགས་རྒྱུར་སེམས་ཁུར་དང་རྒྱབ་སྐྱོར་བྱེད་མཁན་གྲོགས་པོ་བཅས་ལ་ཟོལ་མེད་ཀྱི་འཚམས་འདྲི་དང་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུས་པ་རེད། 

    ལུའོ་ཁྲའོ་ཧྥེང་གིས་2023ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་བདེ་ཆེན་གསར་པ་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་འགོ་འཛུགས་པའི་ལོ་ཞིག་རེད།     ལོ་གཅིག་རིང་བདེ་ཆེན་ཁུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག་ཞིང་ཨུས“3815”འཐབ་ཇུས་འཕེལ་རྒྱས་ཀྱི་དམིགས་ཚད་ལ་དམ་པོར་དམིགས་ནས་བརྟན་ལྷིང་དང་།    འཕེལ་རྒྱས།    སྣོད་བཅུད།    མཐའ་མཚམས་བརྟན་གཏོང་བཅས“དོན་ཆེན་བཞི”ལ་དམ་འཛིན་ཡག་པོ་བྱས་ཏེ་བརྟན་ལྷིང་ལ་བརྟེན་ནས་འཕེལ་རྒྱས་འགན་ལེན་དང་འཕེལ་རྒྱས་ལ་བརྟེན་ནས་བརྟན་ལྷིང་ལ་སྐུལ་འདེད་བཏང་བས་ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཐོབ་ཡོད་ཅེས་བསྟན།   

    ལུའོ་ཁྲའོ་ཧྥེང་གིས་ཁུལ་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་མུ་མཐུད་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་སྐབས་བཅུ་གསུམ་པའི་ཞིང་ཆེན་སྲིད་གྲོས་ཀྱི་ཚོགས་འདུ་ཐེངས་གཉིས་པའི་དགོངས་དོན་དང་ཁུལ་ཨུའི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ཆབ་སྲིད་གྲོས་མོལ་དང་།     ལྟ་སྐུལ།    སྲིད་ཞུགས་སྲིད་གླེང་བཅས་ཀྱི་ཆུ་ཚད་སྔར་བས་མཐོ་རུ་བཏང་སྟེ་མི་རིགས་ཁག་དང་ལས་རིགས་ཁག་གི་བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་བྱས་ནས་བདེ་ཆེན་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་མང་ཙམ་འབུལ་བ་དང་བྱས་རྗེས་གསར་པ་འཇོག་དགོས་པའི་བླང་བྱ་བཏོན། 

    ཀྲང་ཝུའེ་ཏུང་གིས་ལོ་གསར་པའི་ནང་རེ་བ་གསར་པ་སྐྱེད་སྲིང་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་འབྱུང་འགྱུར་གསར་པ་མངོན་ཡོད།     འགོ་ཁྲིད་རྒན་གྲས་རྣམ་པ་དང་།    སྲིད་གྲོས་ཀྱི་ཨུ་ཡོན།    ལས་རིགས་ཁག་གི་གྲོགས་པོ་རྣམ་པ་བཅས་ཀྱིས་ཁྱེད་ཚོའི་ཡངས་ཤིང་རྒྱ་ཆེ་བའི་ཤེས་བྱ་དང་ཕུན་སུམ་ཚོགས་པའི་ཉམས་མྱོང་བེད་སྤྱོད་གང་ལེགས་བྱས་ཏེ་སྔོན་ཆད་ལྟར་སྲིད་གཞུང་གི་ལས་ཀར་སེམས་ཁུར་དང་།    རྒྱབ་སྐྱོར།    རོགས་རམ་བཅས་བྱ་རྒྱུའི་རེ་བ་སྙིང་ཐག་པ་ནས་ཞུ་རྒྱུ་ཡིན་ཞེས་གསུངས།    

ཇ་སྟོན་ཚོགས་འདུའི་ཐོག་རང་ཁུལ་གྱི་རིག་རྩལ་ལས་དོན་པས་ངོ་མཚར་ཆེ་བའི་རིག་རྩལ་ལེ་ཚན་འཁྲབ་སྟོན་བྱས་པ་རེད།