ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་འགོ་ཚུགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-01-30   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

 
    ཟླ1པོའི་ཚེས་30ཉིན་གྱི་སྔ་དྲོར། སྲིད་གྲོས་བདེ་ཆེན་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་གཟབ་རྒྱས་ངང་འགོ་ཚུགས།
    ཀྲུང་གུང་བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་དང་།  ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཝེ་ཏུང་ཚོགས་འདུར་ཕེབས་ནས་རྟེན་འབྲེལ་ཞུས་པ་དང་འབྲེལ་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ་རེད།

    

    ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་མེའོ་ཡིའུ་ཧྥ་དང་། ཧྲི་ཁྲུན་མིང་། ཁྲེན་ཅུན་མིང་། སྐལ་བཟང་རྣམ་རྒྱལ། དབྱང་ཅི་ཝུན། ཕན་ཞུའེ་ཡིང་། ཧོ་ཞུའེ་ཐའོ་བཅས་ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་ཡོད་པ་རེད།

    སྔ་དྲོའི་ཆུ་ཚོད9པར་ཚོགས་ཆེན་འགོ་ཚུགས་པ་དང་མི་སྣ་ཡོངས་ཡར་ལངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་བ་རེད།ཐེངས་འདིའི་ཚོགས་འདུར་ཕེབས་དགོས་པའི་ཨུ་ཡོན223ཡོད་པ་དང་། དངོས་སུ་ཕེབས་མཁན191ཡོད་པས་གཏན་འབེབས་བྱས་པའི་མི་གྲངས་དང་མཐུན་ཡོད་པ་རེད།
    ཚོགས་འདུའི་དང་ཐོག་སྲིད་གྲོས་བདེ་ཆེན་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པའི་གྲོས་རིམ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ།
    ལུའོ་ཁྲའོ་ཧྥེང་གིས་ཀྲུང་གུང་བདེ་ཆེན་ཁུལ་ཨུའི་ཚབ་ཞུས་ནས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་མ་ཟད། ཁུལ་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་འདས་ཟིན་པའི་ལོ་གཅིག་ནང་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་བཞག་པའི་བྱས་རྗེས་ལ་ཁས་ལེན་གང་ལེགས་གནང་། ཁོང་གིས་བསྟན་དོན། ལོ་གཅིག་རིང་བདེ་ཆེན་ཁུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག་ཞིང་ཨུའི་“3815”འཐབ་ཇུས་འཕེལ་རྒྱས་ཀྱི་དམིགས་ཚད་ལ་དམ་པོར་དམིགས་ནས་བརྟན་ལྷིང་དང་། འཕེལ་རྒྱས།  སྣོད་བཅུད། མཐའ་མཚམས་བརྟན་བརླིང་བཅས་དོན་ཆེན་བཞི་དམ་འཛིན་ཡག་པོ་བྱས་ཏེ། བརྟན་ལྷིང་ལ་བརྟེན་ནས་འཕེལ་རྒྱས་འགན་ལེན་དང་འཕེལ་རྒྱས་ལ་བརྟེན་ནས་བརྟན་ལྷིང་ལ་སྐུལ་འདེད་བཏང་བས་ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཐོབ་ཡོད།

    

ལུའོ་ཁྲའོ་ཧྥེང་གིས་ནན་བཤད་གནང་དོན།  2024ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་75འཁོར་བའི་ལོ་ཡིན་པ་དང་། “3815”འཐབ་ཇུས་འཕེལ་རྒྱས་ཀྱི་དམིགས་ཚད་“ལོ་གསུམ་སྐས་རིམ་དུ་སླེབས་པའི་”སྔ་རྗེས་རྒྱུན་མཐུད་ཀྱི་འགག་རྩའི་ལོ་ཞིག་ཡིན།  ཁུལ་ཡོངས་རིམ་པ་ཁག་གི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་ཧྲུའུ་ཅི་ཝང་ཉིང་གིས་ཞིང་ཆེན་གྱི་ཚོགས་ཆེན་གཉིས་རིང་གནང་བའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་དགོས་པ་དང་། ཁུལ་ཡོངས་སྲིད་གྲོས་མ་ལག་གིས་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་དང་དོད་བྱེད་དགོས་པ་དང་མི་དམངས་སྲིད་གྲོས་ནི་ཆབ་སྲིད་རྩ་འཛུགས་ཀྱི་རྩ་བའི་ངོ་བོ་ཡིན་པ་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་དགོས། ལྟེ་བར་དམིགས་ནས་སྲིད་དོན་སྐྱོང་རོགས་ཀྱི་ཐབས་འདོན་ཇུས་འདོན་བྱེད་དགོས། གཙོ་གནད་ལ་དམིགས་ནས་སྲིད་ཞུགས་སྲིད་མོལ་དང་། དཀའ་གནད་ལ་དམིགས་ནས་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། དམངས་འཚོའི་འགན་འཁྲི་སྒྲུབ་པར་དམིགས་ནས་འགན་འཁྲི་འཁུར་བ་བཅས་བྱེད་དགོས།  མཐུན་སྒྲིལ་ཡར་བརྩོན་གྱིས་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་དགོས།  དམངས་གཙོ་དང་མཐུན་སྒྲིལ་དེ་འགན་སྒྲུབ་ལག་ལེན་བྱེད་སྒོ་ཁག་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་དགོས། སྲིད་གྲོས་ཨུ་ཡོན་གྱིས་གཞི་རིམ་ལ་ཁ་ཕྱོགས་པ་དང་མང་ཚོགས་དང་ཉེ་བཅར་བྱེད་པའི་ལེགས་ཆ་འདོན་སྤེལ་བྱེད་པ་དང་། སྲིད་གྲོས་ཨུ་ཡོན་གྱི་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།   རྒྱུན་འཁྱོངས་ལྷོད་མེད་ཀྱིས་རང་ངོས་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས།  རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་ཕྱོགས་ཁག་གི་ཤེས་བྱ་རྒྱ་ཁྱབ་ངང་སློབ་སྦྱོང་བྱེད་པ་དང་འགན་འཁྲི་སྒྲུབ་པའི་འཇོན་ཐང་ཁྱོན་ཡོངས་ནས་ཆེ་རུ་བཏང་སྟེ་བདེ་ཆེན་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།

    ལུའོ་ཁྲའོ་ཧྥེང་གིས་ཁུལ་ཨུས་སྔར་བཞིན་སྲིད་གྲོས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་དང་ཁུལ་ཡོངས་ཀྱི་རིམ་ཁག་ཏང་ཨུ་དང་སྲིད་གཞུང་གིས་སྲིད་གྲོས་ལས་དོན་དེ་གནས་བབ་གལ་ཆེན་ཐོག་བཞག་ནས་ཏང་ཨུས་མཐོང་ཆེན་དང་། སྲིད་གཞུང་གིས་རྒྱབ་སྐྱོར། སྲིད་གྲོས་ཀྱིས་རང་འགུལ། ཕྱོགས་ཁག་གིས་གཞོགས་འདེགས་བཅས་བྱེད་པའི་སྲིད་གྲོས་ལས་དོན་གྱི་རྣམ་པ་བཟང་པོ་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས་ཞེས་ནན་བཤད་གནང་།


    ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་མིའོ་ཡིའུ་ཧྥ་ཡིས་སྲིད་གྲོས་བདེ་ཆེན་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་ལས་དོན་སྙན་སེང་ཞུས་པ་རེད། སྙན་སྒྲོན་ནང་འདས་ཟིན་པའི་ལོ་གཅིག་རིང་ཁུལ་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་གི་འགོ་ཁྲིད་དེ་སྲིད་གྲོས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་རྒྱུ་མཐའ་འཁྱོངས་བྱས་ཏེ་བརྟན་ལྷིང་དང་། འཕེལ་རྒྱས། སྣོད་བཅུད།མཐའ་མཚམས་བརྟན་བརླིང་བཅས་ཀྱི་དོན་ཆེན་བཞི་ལ་དམིགས་ནས་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣར་མཐུན་སྒྲིལ་དང་ཁྲིད་སྟོན་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་འགན་འཁྲི་སྒྲུབ་པའི་དམིགས་ས་དང་ཤུགས་རྒྱག་སར་བརྩི་བ་དང་།མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་ཚད་ཤིང་དང་འཛམ་གླིང་གི་“སེམས་ཀྱི་ཉི་ཟླ”འཛུགས་སྐྲུན་བྱ་རྒྱུ་དེ་ལས་ཀའི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བདེ་ཆེན་གསར་པ་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད་ཅེས་བསྟན་པ་རེད།
    སྙན་སྒྲོན་ནང་2024ལོར་ཁུལ་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུང་གུང་བདེ་ཆེན་ཁུལ་ཨུའི་འགོ་ཁྲིད་འོག་ཞིང་ཨུའི་“3815”འཐབ་ཇུས་འཕེལ་རྒྱས་ཀྱི་དམིགས་ཚད་ལ་དམིགས་ནས་ཁུལ་ཨུ་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་མཐུན་སྒྲིལ་དང་འབྱོར་ཕྱུག ཤེས་དཔལ། ཞི་མཐུན།མཛེས་སྡུག དུས་བདེ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བདེ་ཆེན་གསར་པ་ནུས་ཤུགས་ཡོད་རྒུས་བསྐྲུན་ཆེད་སྲིད་གྲོས་ཀྱི་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།

    

    སྲིད་གྲོས་ཡུན་ནན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་ཁྲུན་མིང་གིས་ཚོགས་ཆེན་ལ་འདས་ཟིན་པའི་ལོ་གཅིག་རིང་གི་གྲོས་གཞིའི་ལས་དོན་སྤེལ་ཚུལ་སྙན་སེང་ཞུས་པ་རེད།

    ཚོགས་འདུའི་ཐོག་དབྱང་མའོ་ཆུང་དང་། ཧོ་ཆི། མ་ཚའེ་ཧྭ། ཧོ་ཡུས། ཁྲེན་ཡོན་བཅས་ཁུལ་སྲིད་གྲོས་ཀྱི་ཨུ་ཡོན་5ཡིས་གཏམ་བཤད་གནང་བ་རེད།
    རང་ཁུལ་གྱི་འགོ་ཁྲིད་ལི་ཡན་ལན་དང་། ཕེང་ཧྲན། ཡུས་ཧྲེང་ཞང་། ཁུལ་མི་དམངས་འཐུས་ཚོགས། ཁུལ་སྲིད་གཞུང་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་ཀྱིས་ཆེད་དུ་གདན་འདྲེན་ཞུས་པའི་ཚོགས་འདུར་ཞུགས་པ་མ་ཟད་ཀྲུའུ་ཞིའི་སྟེགས་བུའི་སྟེང་བཞུགས་ཡོད།
    བདེ་ཆེན་ཡན་ལག་དམག་ཁུལ་ཁང་དང་། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་སོགས་འབྲེལ་ཡོད་འགོ་ཁྲིད་གདན་ཞུས་ལྟར་ཟུར་ཞུགས་བྱས་ཡོད།
    ཤེས་རྟོགས་བྱུང་བར་གཞིགས་ན།མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་འདུ་འཚོགས་རྗེས།ཟླ་1ཚེས་26ཉིན་བདེ་ཆེན་ཁུལ་ཡུལ་སྐོར་ཚོགས་པའི་ཁོངས་གཏོགས་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་590525ལ་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་ཁྲི་5039བྱུང་བ་དེ་དུས་མཚུངས་ལས་ལོ་འཁོར་གོང་མའི་དུས་མཚུངས་ལས་159%འཕར་བ་དང་ཡོང་འབབ་86%འཕར་ཡོད་པ་རེད།