ཁུལ་ཨུའི་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཐེངས་84་པའི་(རྒྱས་འཛོམས་)གྲོས་ཚོགས་བསྡུས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-01-30   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ1པོའི་ཚེས29ཉིན།ཁུལ་ཨུའི་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཐེངས་84་པའི་(རྒྱས་འཛོམས་)གྲོས་ཚོགས་བསྡུས་ནས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ཀྲའོ་ཐུང་གྲོང་ཁྱེར་ཀྲེན་ཞུང་རྫོང་གི་རི་ཉིལ་བ་དང་། ཅང་ཞི་ཞིན་ཡུས་གྲོང་ཁྱེར་ཡུས་ཧྲོའེ་ཆུས་ཀྱི་ཁྲོམ་གཞུང་ཚོང་ཁང་གི་མེ་སྐྱོན་ལས་འཛོལ་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཡུན་ནན་ཞིང་ཆེན་གྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས་རང་ཁུལ་གྱི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས་པ་རེད།

    ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་བདེ་འཇགས་ཐོན་སྐྱེད་དང་གེགས་འགོག་གེགས་སེལ་གྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཏེ་ཏན་ཏིག་དང་ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་དང་བྱ་ཐབས་ལ་བརྟེན་ནས་མིག་སྔའི་ཁུལ་ཡོངས་ཀྱི་བརྟན་ལྷིང་གི་བདེ་འཇགས་ཐོན་སྐྱེད་ཀྱི་དུས་བབ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་ཡག་པོ་བྱེད་དགོས་པ་དང་།ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ།བསམ་བློ་དང་བྱ་སྤྱོད་ཞིང་ཆེན་གྱི་ཚོགས་འདུ་གཉིས་ཀྱི་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ་དམིགས་ཚད་ལས་འགན་ཁག་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས།ཐོན་ལས་འཕེལ་རྒྱས་ལ་དམ་འཛིན་ཤུགས་ཆེན་བྱེད་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱ་རྒྱུར་སྐུལ་འདེད་གཏོང་བ། ནུས་ཤུགས་ཡོད་རྒུས་བདེ་འཇགས་འགན་ལེན་དང་ཤར་བགྲོད་འགན་ལེན། མཁོ་སྤྲོད་འགན་ལེན་བཅས་བྱས་ཏེ་ངར་ཤུགས་གཅིག་སྒྲིམ་གྱིས་དུས་ཚིགས་དང་པོའི་ལས་དོན་ཁག་ཡག་པོ་བསྒྲུབས་ནས་སྒོ་མོ་ཡག་པོ་འབྱེད་པ།སྤུས་ཚད་མཐོ་བའི་གྲ་སྒྲིག་རྩ་འཛུགས་ཀྱིས་ཁུལ་གྱི་“ཚོགས་འདུ་གཉིས་”ཡག་པོ་འཚོགས་ནས་ཁུལ་མི་དམངས་འཐུས་ཚོགས་དང་ཁུལ་སྲིད་གྲོས་ཀྱིས་ཁྲིམས་དང་སྒྲིག་སྲོལ་ལྟར་འགན་ནུས་དང་འགན་འཁྲི་སྒྲུབ་དགོས་ཞེས་ནན་གྱིས་བསྟན་པ་རེད།

    ཚོགས་འདུའི་ཐོག་ཞིང་ཨུའི་ཧྲུའུ་ཅི་ཝང་ཉིང་གིས་ཞིང་ཆེན་དམག་ཁུལ་ཁང་ཏང་ཨུ་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་རྒྱལ་སྲུང་སྐུལ་སློང་དང་རྗེས་གྲབས་སྟོབས་ཤུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་བློ་བརྟན་འགྱུར་མེད་ངང་དུས་རབས་གསར་པའི་དམག་སྲིད་དམག་དམངས་ཀྱི་མཐུན་སྒྲིལ་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་ཞིང་ཨུའི2023ལོ་འཁོར་གྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་དམ་འཛིན་བྱེད་པའི་ལས་འགན་སྒྲུབ་ཚུལ་གསལ་ཞུ་དང་དཔྱད་མོལ་དཔྱད་ཞིབ་ཀྱི་ཚུར་ལན་བསམ་འཆར་བརྡ་ཁྱབ་བཏང་ནས་ལས་ཀའི་བྱ་ཐབས་ཞིབ་ཚགས་སུ་གཏོང་བ་དང་བཅོས་སྒྲིག་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་བ་རེད།

ཚོགས་འདུའི་ཐོག《2023ལོ་འཁོར་གྱི་ཞིང་ཆེན་ཡོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲིའི་ལམ་ལུགས་ཞིབ་བཤེར་དཔྱད་ཞིབ་ཀྱི་ཚུར་ལན་བསམ་འཆར་དག་ཐེར་ཇུས་གཞིར་》གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།

    ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།