བདེ་ཆེན་ཁུལ་ཨུས་ཁུལ་“ཚོགས་ཆེན་གཉིས་”ཀྱི་ཀྲུང་གུང་ཏང་ཡོན་འགན་འཁུར་བའི་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-01-30   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ1པོའི་ཚེས་29ཉིན་གྱི་ཕྱི་དྲོར།  ཁུལ་ཨུས་ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་བཞི་བ་དང་ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་ཀྲུང་གུང་ཏང་ཡོན་འགན་ཁུར་བའི་ཚོགས་འདུ་འཚོགས་པ། ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་རྒྱུ་དེ་ཚོགས་འདུའི་ཐོག་མཐའ་བར་གསུམ་དུ་ལག་བསྟར་བྱས་ཏེ། སྣེ་ཁྲིད་དཔེ་སྟོན་དང་ལྷག་བསམ་རྣམ་དག་ངང་འགན་འཁྲི་སྒྲུབ་པ་དང་། ཆབ་སྲིད་ཀྱི་སྤྲོ་སེམས་རབ་ཏུ་འཕེལ་བ་དང་ཆབ་སྲིད་ཀྱི་ཚུགས་གནས་བརྟན་པོ། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེན་པོའི་ཐོག་ནས་"ཚོགས་ཆེན་གཉིས་"ཐུགས་གྲ་ལེགས་འགྲིག་ཡོང་བའི་འགན་ལེན་བྱེད་དགོས།

        ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གནང་།

        ཀྲང་ཝེ་ཏུང་དང་།  ལི་ཡན་ལན།  ཡུས་ཧྲེང་ཞང་།  མིའོ་ཡིའུ་ཧྥ་བཅས་ཚོགས་འདུར་ཞུགས།

        ལུའོ་ཁྲའོ་ཧྥེང་གིས་བསྟན་དོན། 2024ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་ཡིན་ལ། “3815” འཐབ་ཇུས་འཕེལ་རྒྱས་ཀྱི་དམིགས་ཚད་"ལོ་གསུམ་སྐས་རིམ་དུ་སླེབས་པའི་"སྔ་རྗེས་རྒྱུན་མཐུད་ཀྱི་འགག་རྩའི་ལོ་ཞིག་ཡིན། ཐེངས་འདིའི་ཁུལ་གྱི་"ཚོགས་ཆེན་གཉིས་"འཚོགས་པ་དེས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྐུལ་སློང་བྱས་ཏེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་ལེན། ལོ་ཧྲིལ་པོའི་ལས་དོན་ཡག་པོ་སྒྲུབ་པ། ཁུལ་ཡོངས་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་ལ་དོན་སྙིང་ཧ་ཅང་གལ་ཆེན་ལྡན།

        ལུའོ་ཁྲའོ་ཧྥེང་གིས་ནན་བཤད་གནང་དོན། "ཚོགས་ཆེན་གཉིས་"ལ་ཞུགས་མཁན་ཏང་ཡོན་དང་འགོ་ཁྲིད་ལས་བྱེད་པས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་གཏོང་དགོས་པ་དང་། ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། རྒྱ་ཆེའི་ཏང་ཡོན་དང་འཐུས་མི། ཨུ་ཡོན་བཅས་ཀྱི་སྣེ་ཁྲིད་དེ་དབང་ཆ་ཡང་དག་པར་སྤྱོད་དགོས། ཚོགས་པ་ཁག་དང་ཚོ་ཆུང་ཁག་གི་ཚོགས་འདུ་སྡུད་མཁན་གྱིས་རྒྱ་ཆེའི་ཏང་ཡོན་དང་། འཐུས་མི། ཨུ་ཡོན་བཅས་ཀྱིས་ཞིང་ཆེན་ཏང་ཨུའི་"3815"འཐབ་ཇུས་ཀྱི་འཕེལ་རྒྱས་དམིགས་ཚད་ལ་རྩེ་གཅིག་ཏུ་དམིགས་ནས་སྤུས་ཚད་མཐོ་བ་དང་ཆུ་ཚད་མཐོ་བའི་བསམ་འཆར་དང་གྲོས་འགོ་འདོན་པར་ཁྲིད་སྟོན་ཧུར་ཐག་བྱེད་དགོས།

        ཁུལ་ཨུའི་རྒྱུན་ཨུ་དང་།   ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན།  ཁུལ་སྲིད་གཞུང་།  ཁུལ་སྲིད་གྲོས་བཅས་ཀྱི་འགོ་ཁྲིད་དང་།  ཁུལ་གྱི་"ཚོགས་ཆེན་གཉིས་"ལ་ཞུགས་མཁན་ཏང་ཡོན་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས།