བདེ་ཆེན་ཁུལ་སྲིད་གྲོས་ཀྱི་ཨུ་ཡོན་ཚེས་29་ཉིན་འབྱོར་ཐོ་བཀོད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-01-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།སྲིད་གྲོས་བདེ་ཆེན་ཁུལ་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་ཟླ་1པོའི་ཚེས་30ཉིན་གྱི་སྔ་དྲོ་འགོ་ཚུགས་རྒྱུ་ཡིན་ཞིང་།ཚོགས་འདུར་ཞུགས་མཁན་ཨུ་ཡོན་ཚོས་ཚེས་29ཉིན་གཅིག་རྗེས་གཉིས་མཐུད་ངང་སེམས་ཀྱི་ཉི་ཟླ་མགྲོན་ཁང་དུ་འབྱོར་ཐོ་བཀོད་པ་རེད།

    ཡུལ་དངོས་ཀྱི་འབྲེལ་ཡོད་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན་ཐེངས་འདིའི་ཚོགས་འདུ་ཐོག་མིང་རྟགས་འགོད་སྐབས་གང་སར་མིའི་ངོ་གདོང་དབྱེ་འབྱེད་ཀྱིས་ཚོགས་འདུའི་ཐོག་མིང་རྟགས་འགོད་པའི་སྒྲིག་ཆས་གསར་སྣོན་བྱས་པས་མིང་རྟགས་འགོད་རྒྱུ་དེ་བས་སྟབས་བདེ་རུ་ཕྱིན་ཡོད་ཟེར།

    ཐེངས་འདིའི་ཚོགས་འདུའི་འབྱོར་ཐོ་བཀོད་པའི་ཡུལ་དངོས་སུ་གསར་འགོད་པས་ད་དུང་བདེ་ཆེན་ཁུལ་སྲིད་གྲོས་ཀྱིས་ཞིང་ལས་ཐོན་རྫས་ལས་སྣོན་ཁེ་ལས་ལ་ཞིང་ལས་ཐོན་རྫས་འགྲེམས་སྟོན་བྱེད་པའི་སྟེགས་བུ་ཞིག་མཁོ་འདོན་བྱས་པ་མཐོང་བྱུང་།འགྲེམས་སྟོན་སྟེགས་བུ་བརྒྱུད་རང་ཁུལ་གྱི་ཞིང་ལས་ཁྱད་ལྡན་ཐོན་རྫས་དྲིལ་བསྒྲགས་བྱས་ཡོད་པ་མ་ཟད་ཁེ་ལས་ཁག་ལ་ཕན་ཚུན་སྤེལ་རེས་དང་སློབ་སྦྱོང་བྱེད་པའི་གོ་སྐབས་ཀྱང་མཁོ་འདོན་བྱས་ལ།དེ་མིན་ད་དུང་རིམ་པ་ཁག་དང་སྡེ་ཚན་ཁག་གིས་རང་ཁུལ་གྱི་ཁེ་ལས་ལ་དོ་ཁུར་དང་རྒྱབ་སྐྱོར་དེ་བས་མང་བ་བྱེད་ཐུབ་ཀྱི་ཡོད།ཚོགས་འདུའི་རིང་སེམས་ཀྱི་ཉི་ཟླ་མགྲོན་ཁང་དུ་ཆ་འཕྲིན་ཞབས་ཞུའི་ས་ཚིགས་བཙུགས་ནས་ཨུ་ཡོན་ཚོར་“སྒུལ་བདེའི་འགན་སྒྲུབ་”APPསྒྲིག་སྦྱོར་དང་བེད་སྤྱོད་བྱེད་རོགས་བྱས་པ་རེད།ཨུ་ཡོན་ཚོས་“སྒུལ་བདེའི་འགན་སྒྲུབ་”APPབརྒྱུད་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་མཚོན་པའི་ཆ་འཕྲིན་སྤྲོད་པ་དང་འབྲེལ་ཡོད་ཚོགས་འདུའི་དཔྱད་ཡིག་ལྟ་ཀློག་བྱེད་ཆོག་པ་རེད།