བདེ་ཆེན་གྱིས་ཡུལ་སྐོར་མཉམ་འབྲེལ་གྱི་མཛའ་མཐུན་ཚོན་རིས་འབྲི་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-01-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    2023ལོའི་ཟླ་10ཚེས་30ཉིན་ཏ་ལི་དང་ས་དམ་བདེ་ཆེན་བཅས་ཀྱིས་ཡུན་ནན་ནུབ་བྱང་གི་ཡུལ་སྐོར་སྤུས་ཚད་མཐོ་བའི་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བའི་རོགས་ལས་མཉམ་འབྲེལ་གྲོས་ཚོགས་ཐེངས་དང་པོ་(གཤམ་དུ་མཉམ་འབྲེལ་གྲོས་ཚོགས་ཞེས་འཆན་བཀོད་ཡོད།)མཉམ་འབྲེལ་ཐོག་འཚོགས་ནས་ཁུལ་(གྲོང་ཁྱེར)མཉམ་ལས་འཕེལ་རྒྱས་གཏོང་འགོ་ཚུགས་པ་དང་བདེ་ཆེན་གྱིས་ད་ཐེངས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། ཡུན་ནན་ནུབ་བྱང་གི་ཡུལ་སྐོར་སྐོར་ལམ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་རེད།

    ཕྱི་ཕྱོགས་སུ“ཕྱིར་སྐྱོད་པའི”མཉམ་ལས་ལ་བརྟེན་ནས་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པ།

    ཏ་ལི་དང་ས་དམ།བདེ་ཆེན་བཅས་ཀྱིས་དཔལ་འབྱོར་འགྲོ་འོང་དང་རིག་གནས་སྤེལ་རེས་བྱས་པ་བརྒྱུད་ཚང་མ་འཛམ་གླིང་རིམ་པའི་རིག་གནས་དང་ཡུལ་སྐོར་གྱི་IPཆེ་མོར་གྱུར་ནས་སྤུས་ཚད་མཐོ་བའི་མཛེས་ལྗོངས་ཁུལ་དང་།སྐར་མ་རིམ་པའི་ཨར་ཁང་།བྱང་ཆ་ལྡན་པའི་ལམ་ཐིག་རྩེ་གྲ་མང་པོ་ཡོད་པ་དང་། ཉམས་མྱོང་ཕུན་སུམ་ཚོགས་པའི་རིག་གནས་དང་ཡུལ་སྐོར་གྱི་ཤེས་ལྡན་པ་ཡོད་པ་མ་ཟད།ལོ་ལྟར་ཡུལ་སྐོར་བ་མི་ཐེངས་དུང་ཕྱུར་2ལྷག་ཙམ་གྱི་ཡིད་དབང་ཡང་བཀུག་ཡོད་པ་རེད།

    དེང་སྐབས།ཁུལ་གསུམ་(གྲོང་ཁྱེར)གྱིས་ཡུན་ནན་ནུབ་བྱང་གི་ཡུལ་སྐོར་སྤུས་ཚད་མཐོ་བའི་རིགས་སྒྱུར་རིམ་སྤོར་རོགས་ལས་མཉམ་འབྲེལ་ཚོགས་འདུའི་འཐབ་ཇུས་མཉམ་ལས་དངོས་སུ་སྤེལ་འགོ་བཙུགས་པ་དང་། བདེ་ཆེན་གྱི་ས་ཁོངས་ཧྲིལ་པོ་དང་དུས་ཚོད་ཧྲིལ་པོ། རྒྱུ་རྐྱེན་གཙོ་བོ་བཅས་ཀྱི་ཡུལ་སྐོར་ཧུར་ཐག་གཏོད་དེ་རིག་གནས་ཡུལ་སྐོར་ཐོན་ལས་དེ་ཁུལ་ཡོངས་ཀྱི་ཀ་རྟེན་ལྟ་བུའི་ཐོན་ལས་སུ་བརྩིས་ནས་འཕེལ་རྒྱས་གཏོང་བ་དང་། ཁྱོན་ཡོངས་ནས་ཇུས་འགོད་དང་གནད་སྨིན་འཐུས་ཚང་དུ་གཏོང་བ། “རྒན་གྲས་གསུམ་དང་ཉམས་ཞན་གཅིག”གི་ད་ལྟའི་གནས་ཚུལ་དེ“གསར་གཏོད་གསུམ་དང་སྟོབས་ཆེན་གཅིག”གི་རྣམ་པ་གསར་པར་མགྱོགས་མྱུར་འགྱུར་བ་བཅས་བྱས་ཏེ། དངོས་སྒྲུབ་མཉམ་ལས་ལ་བརྟེན་ནས་བདེ་ཆེན་གྱི་ཡུལ་སྐོར་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།

    ནང་ཕྱོགས་སུ“སྐུལ་འདེད”བྱས་ཏེ་བྱ་སྤྱོད་དེས་ཕྱོགས་སྒྱུར་ལ་ཁྲིད་སྟོན་བྱས་པ།

    ཟླ་11ཚེས་26ཉིན་གྱི་ཉིན་དགུང་ཆུ་ཚོད་12པར་སྒུལ་འཁོརགྱི་གླིང་བུའི་སྒྲ་དང་བསྟུན་ནས་འགྲུལ་པས་གང་བའི“བསྐྱར་དར་རྟགས་ཅན”གྱི་མེ་འཁོར་སེམས་ཀྱི་ཉི་ཟླའི་བབས་ཚུགས་ནས་དལ་བུར་ཁ་བྲལ་བ་དེའི་ཐོག་ནས་བདེ་ཆེན་འདི་ཉིད་སྒུལ་འཁོར་གྱི་དུས་རབས་སུ་སླེབས་པ་མཚོན་ཡོད།

    བདེ་ཆེན་གྱིས་ཀྱང་སྒུལ་འཁོར་ཤར་གཏོང་གི་གོ་སྐབས་གལ་ཆེན་དེ་དམ་འཛིན་ནན་པོ་བྱས་ཏེ། དྲིལ་བསྒྲགས་འོས་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་དུས་ཆེན་དང་རྟེན་འབྲེལ་བྱེད་སྒོའི་སྤུས་རྟགས་སྔར་བས་གཏོད་པ་དང་རིག་གནས་དང་ཡུལ་སྐོར་གྱི་ལས་རྣམ་ཐོན་རྫས་ཕུན་སུམ་ཚོགས་སུ་བཏང་སྟེ་འཛམ་གླིང་གི“སེམས་ཀྱི་ཉི་ཟླ་”གསེར་ཡིག་གི་སྒོ་བྱང་གསལ་པོ་ཕྱིས་ཤིང་། དགུན་དུས་ཡུལ་སྐོར་གྱི་དམངས་ཕན་སྲིད་ཇུས་དང་། བརྗོད་དོན་གཙོ་བོའི་ལམ་ཐིག་གི་ཐོན་རྫས། དུས་ཆེན་གྱི་བྱེད་སྒོ་སོགས་སྔ་རྗེས་སུ་བཏོན་ནས་ཡུལ་སྐོར་བའི་ཡུལ་སྐོར་དགོས་མཁོ་མི་འདྲ་བ་བསྐངས་ཡོད་པ་རེད།

    གནད་སྨིན་ཇུས་འདོན་གྱིས་ཡུན་ནན་ནུབ་བྱང་གི་ཡུལ་སྐོར་སྤུས་ཚད་མཐོ་བའི་ཕྱོགས་སྒྱུར་རིམ་སྤོར་ལ་རམ་འདེགས་བྱས་པ།

    མཉམ་འབྲེལ་རྒྱལ་ཚོགས་འཚོགས་པ་དེས་ཡུལ་སྐོར་བ་ཚོར་མྱོང་ཚོར་གསར་པ་བྱུང་ཡོད་ལ། ཁུལ་གསུམ་དང་ཁུལ་(གྲོང་ཁྱེར)ལ་གོ་སྐབས་གསར་པ་དང་འཕེལ་རྒྱས་གསར་པ་ཡང་བྱུང་ཡོད།

    རང་ཁུལ་གྱིས་བདེ་ཆེན་ཡུལ་སྐོར་བསྡུ་འགྲེམས་ལྟེ་གནས་བཙུགས་པ་དང་ལྟེ་གནས་སུ་གྲངས་འཛིན་ཅན་གྱི་ལས་སྟེགས་བཙུགས་པ་དང་འབྲེལ་ཡོད་ལས་དོན་མི་སྣ་གསོ་སྦྱོང་ལེགས་གྲུབ་ཟིན་ཡོད། དེའི་རྗེས་སུ་ཡུལ་སྐོར་ཁྲོམ་རའི་གཉེར་སྐྱོང་རྣམ་པ་གཞིར་བཟུང་། བདེ་ཆེན་ཁུལ་གྱི་ཡུལ་སྐོར་ཚོགས་པའི་མཛེས་ལྗོངས་ཁུལ་ཁག་གི་ཐོན་ཁུངས་མཉམ་ལས་བྱ་རྒྱུ་རྨང་གཞིར་བྱེད་པ་དང་།སེམས་ཀྱི་ཉི་ཟླ་དང་གྲོང་ཁྱེར་གཞན་དག་གི་སྒུལ་འཁོར་ཤར་གཏོང་ཐུབ་རྒྱུ་གོ་སྐབས་སུ་བྱེད་པ། མེ་འཁོར་བབས་ཚུགས་ནས་འགྲུལ་པ་སྐྱེལ་འདྲེན་ཐུབ་རྒྱུ་གཞི་རྟེན་དུ་བྱེད་པ།བདེ་ཆེན་ཁུལ་གྱི་ཡུལ་སྐོར་ཚོགས་པའི་མངའ་འོག་གི་མཛེས་ལྗོངས་ཁུལ་ཁག་དང་ཁྲོམ་རའི་ཕྱིར་ཚོང་ཟུང་འབྲེལ་ནུས་ལྡན་བཅས་བྱས་ཏེ་ཡུལ་སྐོར་བར་སྟབས་བདེ་དང་མྱུར་བའི་མཛེས་ལྗོངས་ཁུལ་གྱི་ཐད་གཏོང་རླངས་འཁོར་ཤར་གཏོང་གི་ཞབས་ཞུ་མཁོ་འདོན་བྱས་ནས་མཛེས་ལྗོངས་ཁུལ་གྱི་སྤུས་ཚད་ལེགས་སུ་གཏོང་བ་དང་ཡུལ་སྐོར་འགྲོ་སྐྱོད་ཞབས་ཞུ་ལེགས་སུ་གཏོང་རྒྱུ་ཡིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན།མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་འདུ་འཚོགས་རྗེས།ཟླ་1ཚེས་26ཉིན་བདེ་ཆེན་ཁུལ་ཡུལ་སྐོར་ཚོགས་པའི་ཁོངས་གཏོགས་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་590525ལ་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་ཁྲི་5039བྱུང་བ་དེ་དུས་མཚུངས་ལས་ལོ་འཁོར་གོང་མའི་དུས་མཚུངས་ལས་159%འཕར་བ་དང་ཡོང་འབབ་86%འཕར་ཡོད་པ་རེད།