དགུན་དུས་བདེ་ཆེན་གྱི་ཡུལ་སྐོར་དམིགས་ཚད་ཁག་དེ་སྔོན་ལས་མཐོ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-01-25   རྩོམ་ཁུངས།    སེསམ་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        2023ལོ་ནས་བཟུང་བདེ་ཆེན་ཁུལ་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཞི་ཚུགས་ནས་དགུན་དུས་ཡུལ་སྐོར་འཕེལ་རྒྱས་ཀྱི་དཀའ་གནད་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཏེ་འཛམ་གླིང་གི་"སེམས་ཀྱི་ཉི་ཟླའི་"་དགུན་དུས་རིག་གནས་ཡུལ་སྐོར་དུས་ཆེན་གྱི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཏོན་ནས་བདེ་ཆེན་གྱི་"་གྲང་ངར་ཆེ་བའི་ཐོན་ལས་"་དེ་"་ཚ་དྲོད་ཆེ་བའི་ཐོན་ལས་"་སུ་འགྱུར་རྒྱུར་སྐུལ་འདེད་བཏང་བས་ཕན་འབྲས་བཟང་པོ་ཐོན་ཡོད་པ་རེད།

        བསྡོམས་རྩིས་བྱས་པར་གཞིགས་ན། "དགུན་དུས་སེམས་ཀྱི་ཉི་ཟླར་ཡུལ་སྐོར་བྱེད་པའི་"གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱས་ཚུན་བདེ་ཆེན་ཁུལ་ཡུལ་སྐོར་ཚོགས་པའི་མངའ་འོག་མཛེས་ལྗོངས་ཁུལ་དུ་ཁྱོན་སྤ་སེ་མི་དགོས་པའི་མི་57379་ཡོད་པ་དང་སྤ་སེ་མི་དགོས་པའི་དངུལ་འབོར་སྒོར་2192246་ཟིན་ནས་ཡུལ་སྐོར་བའི་གྲངས་འབོར2019ལོའི་དུས་མཚུངས་ལས་27%་འཕར་བ་དང་2022ལོའི་དུས་མཚུངས་དང་བསྡུར་ན་220%་འཕར་ཡོད་པ་རེད། འབའ་ལྷག་དཀར་རྫོང་མཛེས་ལྗོངས་ཁུལ་2023ལོའི་ཟླ11ཚེས1ཉིན་ནས་ཟླ12ཚེས27ཉིན་བར་སྤྱིའི་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱས་པར་ཕན་པ་མི་ཐེངས་1836དང་སྒོར་40392ཐོབ་པ། སུམ་རྩེན་གླིང་མཛེས་ལྗོངས་ཁུལ་གྱིས་2023ལོའི་ཟླ11ཚེས1ཉིན་ནས་ཟླ12ཚེས27ཉིན་བར་སྤ་སེ་ཕབ་གཅོག་བྱས་ནས་སྣེ་ལེན་ཞུ་མཁན་མི་གྲངས་77582དང་དངུལ་འབོར་སྒོར་ཁྲི་593.62ལོན་པ་དེ་2022ལོའི་དུས་མཚུངས་དང་བསྡུར་ན་454.79%དང་238.23%སོ་སོར་འཕར་ཡོད་པ་རེད། རྡོ་མཁར་རྫོང་དུ་ཡུལ་སྐོར་བ་མི་ཉུང་བ་ཞིག་གིས་ལུས་ལ་བོད་ཆས་གྱོན་ནས་པར་བརྒྱབ་པས་ཡུལ་སྐོར་བའི་གྲངས་འབོར་དེ་སྔ་ལོ་ལས་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད། གྲངས་གཞི་ལས་2023་ལོར་རྡོ་མཁར་རྫོང་མཛེས་ལྗོངས་ཁུལ་གྱིས་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི་777.86་ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་107.52%་འཕར་མངོན་ཡོད་པ་རེད།