བདེ་ཆེན་གྱིས་རི་ཀླུང་སྲུང་སྐྱོང་བྱས་ནས་དམངས་ལ་ཕན་འབྲས་ཐོབ་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-01-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།




        2023ལོར་ཁུལ་ཡོངས་ཀྱི་རིམ་ཁག་འབྲེལ་ཡོད་སྡེ་ཚན་གྱིས་སྤྱོད་ཚུལ་གསར་བརྗེ་དང་ཕན་ནུས་གསར་བརྗེའི་བླང་བྱ་དེ་ཆུ་(མཚེའུ)དཔོན་ལམ་ལུགས་ཀྱི་ལས་ཀའི་ཕྱོགས་ཁག་ཏུ་ལག་བསྟར་དོན་འཁྱོལ་བྱས་ནས་རིམ་ཁག་ཆུ་(མཚེའུ)དཔོན་ལམ་ལུགས་ཀྱི་ལས་ཀའི་འགན་འཁྲི་རྒྱུན་ཆད་མེད་པར་ནན་དུ་བཏང་སྟེ་ཕྱོགས་མང་ཞུགས་པའི་མཉམ་འགོག་མཉམ་བཅོས་ཀྱི་ལས་ཀའི་ལམ་སྲོལ་དང་དོ་དམ་མཉམ་བྱེད་དང་མཉམ་བཅོས་མཉམ་སྤྱོད་ཀྱི་ལས་ཀའི་རྣམ་པ་སྔར་བས་འཐུས་སྒོ་ཚང་དུ་བཏང་བ།

        བཅོས་སྐྱོང་མ་ལག་འཐུས་ཚང་དུ་བཏང་ནས་སྐྱེ་ཁམས་ཆུ་བོ་དང་མཚེའུ་མཉམ་སྐྲུན་བྱེད་པ།

        སྐྱེ་ཁམས་སྲུང་སྐྱོང་དང་བཅོས་སྐྱོང་བྱ་རྒྱུ་ནི་རྒྱུད་རིམ་ལྡན་པའི་ལས་གྲྭ་ཞིག་ཡིན་ཞིང་། ས་ཁོངས་མཉམ་འགུལ་དང་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མཉམ་སྒྲུབ་མཉམ་སྐྱོང་མངོན་འགྱུར་བྱ་རྒྱུ་ནི་མ་བྱས་རང་བྱས་རེད། 2023ལོའི་ཟླ་10པར་རང་ཁུལ་དང་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་དང་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དབར་ས་མཚམས་ལས་བརྒལ་བའི་ཆུ་བོའི་མཉམ་འགོག་མཉམ་བཅོས་ལམ་སྲོལ་ལ་མིང་རྟགས་བཀོད་པ་དང་ཕྱོགས་གཉིས་པོས་མཉམ་འབྲེལ་སྐོར་ཞིབ་བྱས་ཏེ་འགན་འཁྲི་ཁ་གསལ་དང་། མཐུན་སྦྱོར་གོ་རིམ་ལྡན་པ། ལྟ་སྐུལ་དོ་དམ་ནན་པ། སྲུང་སྐྱོང་ནུས་ལྡན་བཅས་ཀྱི་ས་མཚམས་ལས་བརྒལ་བའི་ཆུ་བོའི་མཉམ་འགོག་མཉམ་བཅོས་མཉམ་བཅོས་ལམ་སྲོལ་སྔར་བས་ལྷག་པར་བཙུགས་ཡོད།

        2023་ལོའི་ཟླ་4པར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཡུལ་ལུང་རྫོང་མི་དམངས་ཞིབ་དཔྱོད་ཁང་དང་མཉམ་འབྲེལ་ཐོག་འབྲི་ཆུའི་འབབ་རྒྱུད་(གཡུ་ལུང་ནས་སེམས་ཀྱི་ཉི་ཟླ་བར་གྱི་དུམ་བུ་)ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ས་ཁོངས་ལས་བརྒལ་བའི་ཞིབ་དཔྱོད་རོགས་ལས་ལམ་སྲོལ་འཛུགས་རྒྱུའི་སྐོར་གྱི་བསམ་འཆརབཟོས་ནས་ཕྱོགས་གཉིས་པོས་འབྲི་ཆུའི་(གཡུ་ལུང་ནས་སེམས་ཀྱི་ཉི་ཟླ་བར་གྱི་དུམ་བུ་)སྐྱེ་ཁམས་སྲུང་སྐྱོང་ལས་དོན་སྤེལ་རིང་། གྱོད་གཞིའི་ཁུངས་སྣེ་ཤེས་རྟོགས་དང་། བརྟག་དཔྱད་དཔང་ལེན། ལྟ་སྐུལ་ཕན་འབྲས་ཆེ་རུ་གཏོང་བ། ཆ་འཕྲིན་མཉམ་སྤྱོད། སྐྱེ་ཁམས་ཁོར་ཡུག་སླར་གསོ་སོགས་ཀྱི་ཐད་མཉམ་འབྲེལ་མཉམ་སྤྱོད་མཉམ་སྐྲུན་གྱི་འབྲེལ་ཡོད་གཏན་འབེབས་ཡིན།
        དེ་དང་ཆབས་ཅིག་རང་ཁུལ་གྱིས་ད་དུང་བདེ་ཆེན་ཁུལ་གྱི་ཆུ་བོ་དོ་དམ་དང་སྲུང་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་གྱི་བརྡ་ཐོ་སོགས་ཡིག་ཆ་པར་འགྲེམས་བྱས་ནས་ཆུ་ (མཚེའུ)དཔོན་ལམ་ལུགས་ཀྱིས་གང་ཞིག་བྱེད་དགོས་པ་དང་སུས་བྱེད་དགོས་པ་” “གང་འདྲ་བྱེད་དགོས་པ་” “ཡག་པོ་མ་བྱུང་ན་གང་འདྲ་བྱེད་དགོས་པ་བཅས་སྔར་བས་ཁ་གསལ་བཟོས་པ་དང་། ཁུལ་མི་དམངས་འཐུས་ཚོགས་དང་ཁུལ་སྲིད་གྲོས་དང་མཉམ་དུ་ཁུལ་ཡོངས་ཀྱི་ཆུ་བོ་དང་མཚེའུ་ལ་ལྟ་ཞིབ་བྱེད་པའི་ལས་དོན་ཁྱོན་ཐེངས་24་སྤེལ་ཡོད། རིམ་ཁག་ཆུ་(མཚེའུ)དཔོན་གྱིས་འགན་འཁྲི་ནན་ཏན་ངང་བསྒྲུབས་པ་དང་2023་ལོར་ཁུལ་ཡོངས་ཀྱི་རིམ་བཞིའི་ཆུ་དཔོན་གྱིས་རིམ་རྩིས་བྱས་ན་ཆུ་སྐོར་མི་ཐེངས་15972ཟིན་ཡོད།

         གཙོ་གནད་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས་བདེ་སྐྱིད་ལྡན་པའི་ཆུ་བོ་དང་མཚེའུ་མཉམ་སྐྲུན་བྱེད་པ།

        “དེ་སྔོན་ང་ཚོའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཞན་པའི་དབང་གིས་གཙང་འགྲམ་གྱི་གྲོང་མི་ཚོས་གད་སྙིགས་གཙང་པོའི་ནང་དབྱུགས་པས་ལྷ་ཕུ་གཙང་པོར་སྦགས་བཙོག་ངེས་ཅན་ཕོག་ཡོདཉེ་བའི་ལོ་ཤས་རིང་ཆུ་དཔོན་ལམ་ལུགས་ཁྱབ་གདལ་གཏོང་བའི་ལས་དོན་དང་དེ་བཞིན་རིམ་པ་ཁག་དང་སྡེ་ཚན་ཁག་གིས་དྲིལ་བསྒྲགས་ཤུགས་ཆེན་བྱས་པ་བརྒྱུད་གྲོང་མི་ཚོའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ་དང་ཟླ་རེར་ད་དུང་དུས་བཀག་ལྟར་གད་སྙིགས་གཙང་སེལ་གྱི་བྱེད་སྒོ་སྤེལ་གྱི་ཡོད་པས་ད་ཆ་ང་ཚོའི་འདི་གའི་ཁོར་ཡུག་ཇེ་ཡག་ཏུ་འགྲོ་བཞིན་ཡོད”ཅེས་མཐའ་ཆུ་གྲོང་ཚོའི་གྲོང་མི་ཧོ་ཞིའུ་ཆོན་གྱིས་བཤད།

        མཐའ་ཆུ་གྲོང་ཁྱེར་དང་གྲོང་རྡལ་གྱིས་རྒྱུད་རིམ་ལྡན་པའི་སྒོ་ནས་བཅོས་སྐྱོང་དང་། ཕྱོགས་བསྡུས་བཅོས་སྐྱོང་། གསར་གཏོད་བཅོས་སྐྱོང་བཅས་བྱས་པ་བརྒྱུད་ཆུ་དཔོན་ལམ་ལུགས་ཀྱི་ཡུན་ཕན་དོ་དམ་སྲུང་སྐྱོང་ལམ་སྲོལ་འཐུས་ཚང་དང་དོན་འཁྱོལ་བྱེད་པ་དང་། ཆུ་ལམ་གྱི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱེད་པ་མ་ཟད། སྔོ་ལྗང་ལྗོན་ཤིང་དང་རྩྭ་རྩི་ཤིང་འདེབས་འཛུགས་བྱས་པ་བརྒྱུད་དུས་བཞིར་མཛེས་ལྗོངས་ལྡན་པའི་ཆུ་རྒྱུད་སྔོ་ལྗང་ཁྱམས་ར་ཕྱོགས་ཡོངས་ནས་བསྐྲུན་པ་དང་། སྐྱེ་ཁམས་སྔོན་ལ་འཇོག་པ་དང་། ཞིང་གྲོང་མཉམ་འདྲེས། ཐོན་ཁུངས་གང་འགབ་ཅི་སྤྱོད ཡུལ་སྐོར་+གྲོང་གསེབ་དར་རྒྱས"གྱི་ཁྱད་ལྡན་ལམ་བུ་གསར་པ་རིམ་བཞིན་འཚོལ་ཞིབ་བྱས་ནས་མཚོ་འགྲམ་གྱི་གྲོང་མིའི་ཚོགས་ཆུང་57་གྱི་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་ 2023ལོར་འབའ་ལུངལྷ་ཕུ་ཆུ་བོ་(འ་ཆུ་གྲོང་རྡལ་དུམ་བུ་) 2022ལོ་འཁོར་གྱི་ཡུན་ནན་ཞིང་ཆེན་ལྗང་མཛེས་ཆུ་བོ་དང་མཚེའུ་ཡི་ཚད་ཤིང་དཔེ་མཚོན་བྱ་ཡུལ་དུ་བདམས་པ་རེད།

        མཛེས་སྡུག་ལྡན་པའི་ཆུ་བོ་དང་མཚེའུ་མཉམ་སྐྲུན་བྱེད་པར་དྲིལ་བསྒྲགས་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ།

        འཇོལ་རྫོང་དྲེལ་པ་ལུང་གི་ཆུ་བོའི་རྒྱུད་དུ་ལས་བྱེད་པ་དང་མང་ཚོགས་ཀྱིས་མཉམ་དུ་འདེབས་འཛུགས་བྱས་པའི་ལྕང་མ་དང་ཀུའེ་ཧྭ་སྡོང་པོ་དང་། གསོམ་སྡོང་། ཧུང་ཧྥེང་། ཁམ་སྡོང་། གཞོགས་ཤུག་བཅས་སྐྱེ་སྟོབས་ཆེན་པོས་འཚར་ལོངས་བྱུང་བ་དང་། སྔོ་ལྗང་ཅན་དུ་འགྱུར་བའི་རིང་ཚད་སྤྱི་ལེ་36དང་སྔོ་ལྗང་ཅན་དུ་འགྱུར་བའི་རྒྱ་ཁྱོན་སྤྱི་ཆིང་1.99ཟིན་ཡོད། ཆུ་འགྲམ་དུ་གསར་དུ་བསྐྲུན་པའི་གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་བསྡུ་རུབ་རྫིང་བུ་དང་གཞི་གཅིག་ཅན་གྱི་བཙོག་ཆུ་གཙང་གསིང་སྒྲིག་ཆས་དང་དེ་བཞིན་ལེ་ལག་ཚང་བའི་བཙོག་ཆུ་མདོང་དྲ་དང་གད་སྙིགས་ཚུར་བསྡུའི་ས་ཚིགས།་ལམ་སྒྲོན་དང་བསིལ་ཁང་། དྲིལ་བསྒྲགས་སྒྲོམ་སྟེགས་སོགས་ཀྱིས་ཀྱང་དྲེལ་པ་ལུང་ཆུ་བོའི་ལམ་ཐིག་ཧྲིལ་པོ་སྲུང་སྐྱོང་དང་བཅོས་སྐྱོང་བྱེད་པར་འགན་སྲུང་བྱས་ཡོད།

        མཛེས་སྡུག་ལྡན་པའི་ཆུ་བོ་དང་མཚེའུ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་དམངས་ཡོངས་ཞུགས་དགོས་པ་དང་། རང་ཁུལ་གྱིས་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་ཆེན་པོ་བརྒྱབ་སྟེ་། དྲ་རྒྱ་དང་། ཚགས་པར། སྐད་འཕྲིན་སྤྱི་རྟགས། དྲིལ་བསྒྲགས་ལག་དེབ་སོགས་ཀྱི་མཚམས་སྦྱོར་བེད་སྤྱོད་ཧུར་ཐག་བྱས་པ་དང་།འཛམ་གླིང་གི་ཆུའི་ཉིན་མོ་དང་ཀྲུང་གོའི་ཆུའི་གཟའ་འཁོར་གྱི་བྱེད་སྒོ་དང་དེ་བཞིན་རྒྱུན་ལྡན་གྱི་ཆུ་ (མཚེའུ)དཔོན་ལམ་ལུགས་ཀྱི་ལས་དོན་དང་ཟུང་འབྲེལ་བྱས་ཏེ། སྤྱི་ཚོགས་ལས་རིགས་ཁག་གིས་ཆུ་བོ་དགའ་བ་དང་། ཆུ་བོ་སྲུང་སྐྱོང་། ཆུ་བོ་བཅོས་སྐྱོང་བཅས་བྱེད་པའི་རྣམ་པ་བཟང་པོ་རྒྱ་ཁྱབ་ཏུ་དྲིལ་བསྒྲགས་དང་ཁྲིད་སྟོན་བྱས་ནས་མཛེས་སྡུག་ལྡན་པའི་ཆུ་བོ་དང་མཚེའུ་མཉམ་སྐྲུན་བྱས་ཏེ་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་དང་མོས་སེམས་ཆེ་རུ་གཏོང་བ།