ཡུན་ནན་ཞིང་ཆེན་བོད་སྨན་ཁང་གི་སྒོ་བྱང་དངོས་སུ་བཀལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-01-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ1པོའི་ཚེས18ཉིན་གྱི་སྔ་དྲོར།བདེ་ཆེན་ཁུལ་བོད་སྨན་ཁང་ལ་“ཡུན་ནན་ཞིང་ཆེན་བོད་སྨན་ཁང”གི་སྒོ་བྱང་འགེལ་བའི་མཛད་སྒོ་དེ་ཁུལ་བོད་སྨན་ཁང་དུ་འཚོགས་པ་རེད། 

    ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲེང་ཀྲང་གཞོན་པ་དབྱང་དབྱང་དང་ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་སྒོ་བྱང་འགེལ་བའི་མཛད་སྒོར་ཕེབས་པ་དང་འབྲེལ་ཐུན་མོང་ཐོག་ཡུན་ནན་ཞིང་ཆེན་བོད་སྨན་ཁངགི་སྒོ་བྱང་འབྱེད་པ་རེད།ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་ཅང་ཞུས་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཀྲང་ཝེ་ཏུང་སོ་སོས་ཤིས་ཚིག་གསུངས་པ་རེད།ཁུལ་གྱི་འགོ་ཁྲིད་ཡུས་ཧྲེང་ཞང་དང་མིའོ་ཡིའུ་ཧྥ་སྒོ་བྱང་འགེལ་བའི་མཛད་སྒོར་ཕེབས་ཡོད་པ་རེད།

    ཅང་ཞུས་ཀྱིས་ཤིས་ཚིག་གནང་སྐབས།ཉེ་བའི་ལོ་ཤས་རིང་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་འཕེལ་རྒྱས་ལ་ཚད་མཐོའི་ཐུགས་ཁུར་དང་མཐོང་ཆེན་གནང་བ་དང་། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བདེ་ཆེན་ཁུལ་གྱི་བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་འཕེལ་རྒྱས་ཐད་བཏོན་པའི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ལ།བདེ་ཆེན་ཁུལ་གྱི་མི་རིགས་གསོ་རིག་སྨན་རྫས་ལས་དོན་ལ་མཛུབ་ཁྲིད་དང་རོགས་སྐྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་མི་རིགས་གསོ་རིག་སྨན་རྫས་སྲིད་ཇུས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་བ་དང་། བདེ་ཆེན་ཁུལ་གྱི་བོད་ལུགས་གསོ་རིག་སྨན་རྫས་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ། ཞབས་ཞུའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། ཞབས་ཞུའི་དུས་ཐོག་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས། བདེ་ཆེན་གྱི་ཁྱད་ཆོས་ལྡན་པའི་བོད་ལུགས་གསོ་རིག་དང་བོད་སྨན་རྒྱུན་འཛིན་གསར་གཏོད་དང་འཕེལ་རྒྱས་ཀྱི་ལམ་བུ་གཞི་རྩའི་སྟེང་ཆགས་པ་དང་། བདེ་ཆེན་ཁུལ་བོད་སྨན་ཁང་གིས་རིམ་པ་གསུམ་པའི་མི་རིགས་སྨན་ཁང་གྲུབ་འབྲས་ཐོབ་པའི་ངང་གཏན་འཁེལ་བྱས་ཏེ་བདེ་ཐང་བདེ་ཆེན་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།ཡུན་ནན་ཞིང་ཆེན་བོད་སྨན་ཁང་གི་སྒོ་བྱང་བཀལ་ནས་བཙུགས་པ་དེས་རང་རེའི་ཞིང་ཆེན་ལ་ཞིང་ཆེན་རིམ་པའི་བོད་སྨན་ཁང་མེད་པའི་སྟོང་ཆ་བསྐངས་པ་དང་ཡུན་ནན་གྱི་བོད་ལུགས་གསོ་རིག་བྱ་གཞག་འཕེལ་རྒྱས་དེ་ནས་བཟུང་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད།བདེ་ཆེན་ཁུལ་བོད་སྨན་ཁང་གིས་ཡུན་ནན་ཞིང་ཆེན་སྨན་རྩིས་ཁང་འཛུགས་སྐྲུན་བྱ་རྒྱུ་གོ་སྐབས་སུ་བྱས་ཏེ་ཀྲུང་བོད་ཕྱི་ལུགས་གསོ་རིག་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་བོད་ལུགས་གསོ་རིག་དང་བོད་སྨནསྨན་བཅོས་དང་སློབ་ཁྲིད།ཞིབ་འཇུགམཉམ་སྡེབ་འཕེལ་རྒྱས་བཏང་ནས།མི་རིགས་ཁག་གི་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་འགན་ལེན་སྔར་བས་ཡག་པོ་བྱེད་དགོས།བདེ་ཆེན་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་དུས་རབས་གསར་པ་དང་དུས་བབ་གསར་པའི་ལས་འགན་གསར་པར་གཞི་ཚུགས་ནས་ཞིང་ཆེན་ཡོངས་ཀྱི་3815འཐབ་ཇུས་འཕེལ་རྒྱས་ཀྱི་དམིགས་ཚད་ནང་རང་འགུལ་ངང་མཉམ་འདྲེས་དང་ཞབས་འདེགས་ཞུས་ཏེ་སྒྱུར་བཅོས་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་སྟེ།བདེ་ཆེན་བོད་ལུགས་གསོ་རིག་སྨན་ལས་ལ་དུས་རབས་གསར་པར་གསོན་ཤུགས་གསར་པ་འཕེལ་བ་བྱས་ནས་བདེ་ཆེན་ཁུལ་གྱི་འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

    ཀྲང་ཝེ་ཏུང་གིས་གསུང་བཤད་གནང་སྐབས་ཁུལ་བོད་སྨན་ཁང་ལ་“ཡུན་ནན་ཞིང་ཆེན་བོད་སྨན་ཁང”གི་སྒོ་བྱང་འགེལ་བའི་མཛད་སྒོ་སྤེལ་བ་ནི་ཁུལ་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་འཕེལ་རྒྱས་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་ལ། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་རེ་སྒུག་ཆེན་པོ་བྱེད་པའི་བཀྲ་ཤིས་པའི་བྱ་བ་ཞིག་ཀྱང་ཡིན་པས་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བདེ་ཆེན་ལས་དོན་ལ་ཐུགས་ཁུར་དང་བརྩེ་སེམས་ཟབ་མོ་འཆང་ལུགས་གང་ལེགས་མཚོན་པ་དང་བདེ་ཆེན་གྱི་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་འཕེལ་རྒྱས་ཐད་ལོ་རྒྱུས་རང་བཞིན་གྱི་གོམ་སྟབས་གསར་པ་ཞིག་སྤོས་པ་མཚོན།ཁུལ་བོད་སྨན་ཁང་གིས་ད་ཐེངས་ཀྱི་སྒོ་བྱང་འགེལ་རྒྱུ་གོ་སྐབས་སུ་བྱས་ཏེ་འཕྲོད་བསྟེན་བདེ་ཐང་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་།ཞིང་ཆེན་ཡོངས་དང་ཁུལ་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལོ་གསུམ་གྱི་བྱ་སྤྱོད་དོན་འཁྱོལ་གཏིང་ཟབ་བྱེད་དགོས།རྒྱལ་ཡོངས་ཀྱི་བོད་འབྲེལ་ས་ཁུལ་གྱི་བོད་སྨན་ཁང་རྩེ་གྲ་བསྐྲུན་རྒྱུ་དམིགས་ཚད་དུ་བྱས་ཏེ་ཞིང་ཆེན་རིམ་པའི་སྨན་ཁང་འཛུགས་སྐྲུན་གྱི་བླང་བྱ་ལྟར།སྔོན་ཐོན་གྱི་དོ་དམ་ཉམས་མྱོང་རང་འགུལ་ངང་སློབ་སྦྱོང་བྱེད་པ་དང་སྒྱུར་བཅོས་གསར་གཏོད་གཏིང་ཟབ་ཏུ་བཏང་ནས་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགོག་རྐྱེན་ནུས་ཤུགས་ཡོད་རྒུས་བསལ་ཏེ་རིག་ཚན་དང་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་།བོད་ལུགས་གསོ་རིག་དང་བོད་སྨན་རིག་གནས་སྔོག་འདོན་དང་དར་སྤེལ་གཏིང་ཟབ་གཏོང་བ་དང་ཕྱོགས་ཡོངས་ནས་སྨན་བཅོས་ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་སྟེ་ཞིང་ཆེན་ཡོངས་དང་མཐའ་འཁོར་གྱི་བོད་འབྲེལ་ས་ཁུལ་དང་རྫོང་གི་མང་ཚོགས་ལ་ཆུ་ཚད་དེ་བས་མཐོ་བའི་སྨན་བཅོས་ཞབས་ཞུ་མཁོ་འདོན་ཧུར་ཐག་བྱས་ནས་བདེ་ཐང་ཡུན་ནན་དང་བདེ་ཐང་བདེ་ཆེན་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་བསྟན་པ་རེད།

    སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་རྗེས་དབྱང་དབྱང་དང་བཅས་པས་ད་དུང་བདེ་ཆེན་ཁུལ་གྱི་བོད་ལུགས་གསོ་རིག་དང་བོད་སྨན་འཕེལ་རྒྱས་ལ་ཡུལ་དངོས་སུ་བརྟག་ཞིབ་གནང་བ་རེད།ཞིང་ཆེན་སྲིད་གཞུང་གི་དྲུང་ཆེ་གཞོན་པ་ཐའོ་ཀྲུང་དང་ཁུལ་གྱི་འགོ་ཁྲིད་ཁྲེན་ཆུན་སྒོ་བྱང་འགེལ་བའི་མཛད་སྒོར་ཕེབས་ཡོད་པ་རེད།

ཧྲང་ཧའེ་ཀྲུང་ལུགས་གསོ་རིག་སྨན་རྫས་སློབ་ཆེན་ཁོངས་གཏོགས་ཧྲུའུ་ཀོང་སྨན་ཁང་དང་།ཡུན་ནན་ཞིང་ཆེན་ཀྲུང་ལུགས་གསོ་རིག་སྨན་ཁང་།ཁུན་མིང་།ཏ་ལི།ཕུའུ་ཨེར་སོགས་ཡུན་ནན་ཞིང་ཆེན་གྱི་ཁུལ་(གྲོང་ཁྱེར་)16གི་ཀྲུང་ལུགས་སྨན་ཁང་དང་མི་རིགས་སྨན་ཁང་གི་འབྲེལ་ཡོད་འགོ་ཁྲིད་གདན་ཞུས་ལྟར་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས་པ་རེད།