ཁུལ་ཚ་ཤུགས་ཀུང་སིས་སློབ་གྲྭའི་དྲོད་ལེན་གནད་དོན་ཐག་གཅོད་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-01-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།   ཉེ་ཆར།ཁུལ་ཚ་ཤུགས་ཀུང་སིས་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ་སློབ་གྲྭ་18ལ་འཚམས་འདྲི་བྱས་པ་བརྒྱུད《སློབ་གྲྭའི་བདེ་འཇགས་དྲོད་རླངས་མཁོ་འདོན་གསལ་བཤད་ཡི་གེ》སྤྲད་དེ་དྲོད་རླངས་མཁོ་འདོན་སྒྲིག་བཀོད་དང་།དྲོད་རླངས་མཁོ་འདོན་འགན་ལེན།བདེ་འཇགས་སྤུས་ཚད་བཅས་ལ་དྲ་སྦྲེལ་རྣམ་པའི་གྲལ་བཤེར་བྱས་ནས་བྱ་ཐབས་ནུས་ལྡན་སྤྱད་དེ་དྲོད་རླངས་མཁོ་འདོན་གྱི་སྤུས་ཚད་འགན་ལེན་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན།ན་ནིང་ལོ་མཇུག་ཏུ་དྲོད་རླངས་མཁོ་འདོན་བྱས་པ་ནས་བཟུང་གྲོང་ཁུལ་གྱི་སློབ་གྲྭ་མང་པོ་ཞིག་གིས་ཁུལ་ཨུད་མི་རབས་རྗེས་མར་སེམས་ཁུར་བྱ་བའི་ཨུ་ལྷན་ལ་སློབ་གྲྭའི་དྲོད་རླངས་མཁོ་འདོན་གྱི་ཕན་འབྲས་ཡག་པོ་མེད་པའི་ཁར།ཆམ་པར་དར་ཁྱབ་ཆེན་པོ་བྱུང་ནས་སློབ་མའི་སློབ་སྦྱོང་དང་འཚོ་བར་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་རེད།གནས་ཚུལ་དེ་ཐོས་རྗེས་ཁུལ་ཨུད་ཀོན་ལས་དོན་ཨུ་ལྷན་གྱིས་ཚད་མཐོའི་མཐོང་ཆེན་གནང་ནས་ཁུལ་ཚ་ཤུགས་ཀུང་སིས་གྲོང་ཁུལ་གྱི་སློབ་གྲྭའི་དྲོད་རླངས་མཁོ་འདོན་གྱི་གནས་ཚུལ་ལ་གྲལ་བཤེར་ནན་ཏན་བྱས་ཏེ་བྱ་ཐབས་ནུས་ལྡན་སྤྱད་དེ་དྲོད་རླངས་མཁོ་འདོན་གྱི་ཆ་རྐྱེན་ལེགས་སུ་བཏང་ནས་སློབ་མའི་སློབ་སྦྱོང་གི་ཁོར་ཡུག་བཟང་པོ་སྲུང་སྐྱོང་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

    གྲལ་བཤེར་བྱས་པ་བརྒྱུད།ཁུལ་བོད་ཡིག་སློབ་འབྲིང་གིས་སློབ་གྲྭའི་དྲོད་རླངས་མཁོ་འདོན་སྒྲིག་ཆས་ཁག་གཅིག་ལ་མདོང་ལམ་འགག་པ་དང་དྲོད་རླངས་གཏོང་བྱེད་སོགས་ཀྱི་གནད་དོན་ཡོད་པས།དྲོད་རླངས་མཁོ་འདོན་ལ་ཤུགས་རྐྱེན་ཐེབས་ལ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཡང་འཕྲད་ཡོད།གནད་དོན་ལ་དམིགས་ནས།ཁུལ་ཚ་ཤུགས་ཀུང་སིས་སློབ་གྲྭའི་དྲོད་རླངས་མཁོ་འདོན་སྒྲིག་ཆས་འཁོར་སྐྱོད་བྱེད་ཚུལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་པ་དང་།མདོང་ལམ་འགག་པ་དང་དྲོད་རླངས་གཏོང་བྱེད་སོགས་ཀྱི་གནད་དོན་ཐག་གཅོད་འོས་འཚམ་བྱས་པ་མ་ཟད།སློབ་གྲྭ་དེའི་སློབ་མའི་ཟ་ཁང་དང་དགེ་རྒན་གྱི་ལས་ཤག་ལ་དྲོད་རླངས་མཁོ་འདོན་སྒྲིག་ཆས་བསྒར་ནས་དྲོད་རླངས་མཁོ་འདོན་ཁྱོན་ཡོངས་ལ་ཁྱབ་པ་བྱས་ཏེ།རྒྱ་ཆེའི་དགེ་སློབ་ཚོར་དྲོ་སྐྱིད་དང་སྐྱིད་སྣང་དོད་པའི་སློབ་སྦྱོང་དང་འཚོ་བའི་ཁོར་ཡུག་ཅིག་བཏོད་ཡོད་པ་རེད།

    ཁུལ་ཚ་ཤུགས་ཀུང་སིའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན།སློབ་གྲྭ་ཁག་ཏུ་གནས་སྐབས་ཐག་གཅོད་བྱེད་ཐབས་བྲལ་བའི་དྲོད་རླངས་མཁོ་འདོན་གྱི་གནད་དོན་ལ་ཀུང་སི་དེས་གནད་དོན་གྱི་གསལ་ཐོ་བཀོད་དེ་དྲོད་རླངས་མཁོ་འདོན་བྱེད་མཇུག་འགྲིལ་རྗེས་སླར་ཡང་གཅིག་གྱུར་ཐོག་སྲུང་སྐྱོང་བྱ་རྒྱུ་རེད།