སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྤྱི་གླིང་དུ་ཆུ་སྲམ་ཡང་བསྐྱར་མཐོང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-01-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་སྔོན།བདེ་ཆེན་ཁུལ་པར་ལེན་མཐུན་ཚོགས་ཀྱི་ཚོགས་མིས་སེམས་ཀྱི་ཉི་ཟླ་ཀླུ་ཆུ་སྤྱི་གླིང་དུ་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་ཏེ་ཆུ་སྲམ་པར་བླངས་པ་རེད།ཆུའི་སྤུས་ཚད་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ་དང་ཆབས་ཅིག་སེམས་ཀྱི་ཉི་ཟླའི་གྲོང་ཁུལ་གྱི་ཁྱབ་ཁོངས་ནང་ལོ་40ལྷག་ཙམ་གར་སོང་ཆ་མེད་དུ་གྱུར་བའི་“མགྲོན་པོ་དཀོན་པ”ཆུ་སྲམ་སེམས་ཀྱི་ཉི་ཟླའི་གྲོང་ཁྱེར་སྤྱི་གླིང་དུ་ཡང་བསྐྱར་མངོན་པ་རེད།

    བདེ་ཆེན་ཁུལ་པར་ལེན་མཐུན་ཚོགས་ཀྱི་ཚོགས་མི་ཁྲེན་ཧུང་ཝེ་ཡིས་ངོ་སྤྲོད་བྱས་པར།2023ལོའི་ཟླ་12པའི་ཟླ་འགོར་ཀླུ་ཆུ་སྤྱི་གླིང་དུ་འཆམ་འཆམ་དུ་འགྲོ་བཞིན་པའི་གྲོང་མིས་སྤྱི་གླིང་ནང་ཆུ་སྲམ་དང་འདྲ་བ་ཞིག་ཡོད་པ་མཐོང་བྱུང་།དེ་རྗེས་པར་རྒྱག་མཁས་ཅན་མཐུན་ཚོགས་ཀྱི་ཁོངས་མི་ཁ་ཤས་གནས་སྡོད་བལྟ་སྲུང་བྱས་པ་བརྒྱུད་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་ཏེ་ཆུ་སྲམ་གསལ་པོ་སྒོས་པར་ལེན་བྱས་པ་རེད།  

    ཁྲེན་ཧུང་ཝེ་ཡིས་དེ་སྔོན་ང་ཚོས་ཆུ་སྲམ་པར་རྒྱག་དགོས་ཚེ་སི་ཁྲོན་དང་བོད་ལྗོངས་སོགས་སུ་འགྲོ་དགོས་པ་དང་།ད་ལྟ་ཁྱིམ་གྱི་སྒོ་འགྲམ་དུ་ཆུ་སྲམ་པར་བརྒྱབ་ནས་ཟིན་ཐོ་འགོད་ཐུབ་པས་སེམས་འགུལ་ཆེན་པོ་ཐེབས་པ་དང་དགའ་ཚོར་ཆེན་པོ་བྱུང་ཡོད་ཅེས་བཤད་བྱུང་།

    ཁྲེན་ཧུང་ཝེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན།ཉེ་ལམ་ཐེངས་དང་པོར་མཐོང་བའི་ཆུ་སྲམ་ནི་ཟླ་11པའི་ཚེས11་གི་དགོང་མོའི་དུས་ཚོད་8:00ཡས་མས་རེད།ཀླུ་ཆུ་སྤྱི་གླིང་དུ་ཐོག་མར་ཆུ་སྲམ་3ཟིན་ཐོ་བཀོད་པ་གསུམ་ཡོད་པ་དང་དུས་མཇུག་ཏུ་ཆུ་སྲམ་2མ་གཏོགས་ཟིན་ཐོ་བཀོད་མེད།བྱ་འགུལ་གྱི་ཁྱབ་ཁོངས་ནི་ཀླུ་ཆུ་ཟམ་ཆེན་ནས་ལུང་ཧྥིན་ཞང་མགྲོན་ཁང་དང་སྨད་རྒྱུད་ས་ཁུལ་ཡིན་པ་རེད།མཚན་སྐྱོད་འོ་འཐུང་སྲོག་ཆགས་ཤིག་ཡིན་པའི་ངོས་ནས་པར་ལེན་ཟིན་ཐོ་གཞིར་བཟུང་སྤྱི་གླིང་ནང་གི་ཆུ་སྲམ་སྤྱིར་ན་དགོང་མོའི་ཆུ་ཚོད་7:00པ་ནས་9:00པའི་བར་ཕྱིར་ཟས་འཚོལ་བར་ཡོང་བ་དང་སྐབས་འགར་ཐ་ན་དགོང་མོའི་ཆུ་ཚོད་12:00ཡས་མས་བར་ཟས་འཚོལ་བར་ཡོང་གི་ཡོད།ཉེ་ལམ།ཆུ་སྲམ་ནི་སྡེབ་སྦྱོར་དུས་སྐབས་སུ་ཐོན་པས་འགུལ་སྐྱོད་བྱེད་ཚད་སྔོན་ཆད་ལས་མང་།མིག་སྔར།་སྤྱི་གླིང་ནང་གི་ཆུ་སྲམ་མཐའ་འཁོར་གྱི་གློག་འོད་དང་འཛེར་སྒྲའི་ཁོར་ཡུག་ལ་འཚམ་པ་དང་།འཆམ་འཆམ་དུ་འགྲོ་བའི་མི་ཚོགས་ལ་མངོན་གསལ་གྱི་སྐྲག་སྣང་དང་གཡོལ་བའི་བྱ་སྤྱོད་མངོན་མེད་པ་རེད།

    སྐབས་དྲུག་པའི་སེམས་ཀྱི་ཉི་ཟླའི་རྒྱལ་སྤྱིའི་བྱ་གཟིགས་དུས་ཆེན་རིང་པར་ལེན་ལ་དགའ་པོ་བྱེད་མཁན་མང་པོ་ཞིག་ཀྱང་ཀླུ་ཆུ་སྤྱི་གླིང་དུ་ཆུ་སྲམ་པར་ལེན་ཟིན་ཐོ་འགོད་པར་སླེབས་པ།

བདེ་ཆེན་ཁུལ་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་བཟོ་བཀོད་པ་ལུའོ་ཅུན་གྱིས་ཀླུ་ཆུ་རུ་ཐོན་པའི་ཆུ་སྲམ་ནི་ཡོ་རོབ་དང་ཨེ་ཤེ་ཡའི་ཆུ་སྲམ་ཡིན་པ་དང་།བཅར་འདྲི་དང་བརྟག་དཔྱད་བྱས་པར་གཞིགས་ན་དུས་རབས་གོང་མའི་ལོ་རབས་40ནས་50བར་གྱི་ཀླུ་ཆུ་དང་སྲམ་སྣ་ཆུ་བོ་སོགས་ས་ཁོངས་ཚང་མར་ཆུ་སྲམ་གྱི་བྱེད་སྒོ་ཡོད་པ་དང་གྲོང་ཁྱེར་འཕེལ་རྒྱས་འགྲོ་བ་དང་མིས་འགོག་རྐྱེན་བཟོ་བ་སོགས་ཀྱི་རྒྱུ་རྐྱེན་དང་བསྟུན་ནས་ཆུ་སྲམ་མང་ཚོགས་ཀྱི་མིག་ལམ་དུ་ཡལ་འགོ་ཚུགས་ཡོད།ཆུ་སྲམ་སླར་ཡང་ཐོན་པ་དེས་ཀྱང་མིག་སྔར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་སྐྱེ་ཁམས་རིམ་བཞིན་ལེགས་སུ་འགྲོ་བཞིན་ཡོད་པ་དང་གྲོང་ཁྱེར་སྤྱི་གླིང་གི་ཆུའི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་བ། ཉ་རིགས་སོགས་བདེ་ཐང་བཟའ་བཅའི་འབྱུང་ཁུངས་རྒྱུན་ཆད་མེད་པར་མང་དུ་འགྲོ་བཞིན་ཡོད་པས་མི་རྣམས་ཀྱིས་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་གི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་འགྲོ་བཞིན་ཡོད་པ་ར་སྤྲོད་བྱུང་ཡོད་ཅེས་བཤད་བྱུང་།