སྒུལ་འཁོར་གྱིས་རྡོ་མཁར་རྫོང་གི་དགུན་དུས་ཡུལ་སྐོར་ལ་སྐུལ་ཁྲིད་བྱས

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-01-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ས་དམ་ནས་སེམས་ཀྱི་ཉི་ཟླའི་མེ་འཁོར་ཤར་གཏོང་དང་དགུན་དུས་སེམས་ཀྱི་ཉི་ཟླར་ཡུལ་སྐོར་གྱི་གཟིགས་སྐྱོང་སྲིད་ཇུས་ཁྱབ་བསྒྲགས་བྱས་པ་དང་ཆབས་ཅིག ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྡོ་མཁར་རྫོང་དུ་ཡུལ་སྐོར་བ་དེ་སྔ་ལས་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད། ཡུལ་སྐོར་བ་མི་ཉུང་བ་ཞིག་གིས་ལུས་ལ་བོད་ཆས་གྱོན་ནས་རྡོ་མཁར་རྫོང་དུ་ཡུལ་སྐོར་དང་པར་རྒྱག་པ་སོགས་བྱས་ནས་མཛེས་སྡུག་གི་ཡུལ་ལྗོངས་ཤིག་ཏུ་གྱུར་ཡོད།