མཐའ་ཆུ་གྲོང་རྡལ་གྱི་རྒུན་འབྲུམ་འཁྱགས་པའི་ཐོན་ཚད་ལེགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-01-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

   ཉེ་སྔོན། འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་ཧ་ཏ་གྲོང་ཚོའི་ཁེ་ཚི་པུའུ་གྲོང་མི་ཚོ་ཆུང་གི་རྒུན་འབྲུམ་འཁྱགས་པ་འདེབས་འཛུགས་དུད་ཚང་དག་གིས་རྒུན་འབྲུམ་འཁྱགས་པ་འཐོག་བཞིན་ཡོད་པ་དང་། རྒུན་འབྲུམ་འཁྱགས་པ་རེ་རེ་བཞིན་སླེ་པོ་དང་རླངས་འཁོར་ནང་བཅུག་རྗེས་ལྷ་ཕུ་ལུང་གཞུང་ཆང་ཁང་གི་ཉོ་སྒྲུབ་བྱ་ཡུལ་དུ་དབོར་བ་རེད། དེ་རྗེས་ལྗིད་ཚད་འཇལ་བ་དང་ཐོ་འགོད་ལས་དོན་ལེགས་གྲུབ་ཟིན་རྗེས་ཆང་ཁང་གི་ལས་དོན་མི་སྣས་རྒུན་འབྲུམ་འཁྱགས་པ་གཙང་འཁྲུད་དང་བཙིར་གནོན་བྱས་པས་ཡུལ་དངོས་སུ་ཚ་ཚ་འུར་འུར་གྱི་རྣམ་པས་ཁེངས་ཡོད།

    ད་ལོར་ལོ་ན་70ཟིན་པའི་གྲོང་མི་ཧོ་ཀའོ་ཚེ་ཡིས་ལོ་ལེགས་བྱུང་བའི་རྒུན་འབྲུམ་འཁྱགས་པ་མཐོང་བས་དགའ་སྤྲོའི་ངང་ན་ནིང་ངའི་ཚང་གི་རྒུན་འབྲུམ་མུའུ་5་གིས་སྒོར་ཁྲི་1.5བཙོང་བ་ཡིན། ད་ལོར་ཡང་ལོ་ལེགས་འདི་འདྲ་བྱུང་ན་རིན་གོང་ཡག་པོ་ཞིག་འཚོང་ཐུབ་རྒྱུ་རེད་ཞེས་ཟེར།  

    ལྷ་ཕུ་ལུང་གཞུང་ཆང་ཁང་གི་ཉོ་སྒྲུབ་བྱེད་སའི་ལས་བྱེད་མི་སྣས་ང་ཚོས་ཟླ་1པོའི་ཚེས་3ཉིན་ནས་བཟུང་རྒུན་འབྲུམ་འཁྱགས་པ་ཉོ་སྒྲུབ་བྱས་པ་ཡིན། མིག་སྔར་འབའ་གྲོས་དང་ཧ་ཏ། ཁེ་ཚེ་པུའུ་གྲོང་མི་ཚོ་ཆུང་3གྱི་རྒུན་འབྲུམ་འཁྱགས་པ་ཁྱོན་ཏུན་40ཉོ་སྒྲུབ་བྱས་ཡོད་ཞེས་ཟེར། རྒུན་འབྲུམ་འཁྱགས་པ་ཉིན་དེར་འཐུ་བ་དང་། ད་ལྟ་བསྡུ་བ། ད་ལྟ་རྫ་མའི་ནང་བཅུག་པ་བཅས་བྱེད་དགོས་པའི་རྐྱེན་གྱིས་ཁག་བགོས་ནས་ཉོ་སྒྲུབ་བྱེད་དགོས་པ་དང་། ད་ལོའི་རྒུན་འབྲུམ་འཁྱགས་པ་ཉོ་སྒྲུབ་བྱེད་པའི་ལས་ཀ་སྔོན་དཔག་བྱས་ན་ཟླ་1པོའི་ཟླ་མཇུག་ཏུ་མཇུག་འགྲིལ་རྒྱུ་རེད།

    ཤེས་གསལ་བྱུང་དོན།  2009ལོར།  འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་ཧ་ཏ་དང་འབའ་བྲོས། ཁེ་ཚེ་པུའུ། མཐའ་ཆུ་བཅས་གྲོང་པ་4ཡི་གྲོང་མི་ཚོ་ཆུང་10གི་ཞིང་དུད་168ཀྱིས་རྒུན་འབྲུམ་འཁྱགས་པ་མུའུ་670འཛུགས་འགོ་ཚུགས་པ་དང་། 2016ལོར། ས་གནས་དེ་ག་ཡིས་རྒུན་ཆང་ལས་སྣོན་བཟོ་གྲྭ་འཛུགས་སྐྲུན་བྱས་པ་དང་། ལོ་དེར་རྒུན་ཆང་ཏུན་260ཐོན་པ་རེད།

    2019ལོར། བདེ་ཆེན་སེམས་ཀྱི་ཉི་ཟླ་ལྷ་ཕུ་ལུང་གཞུང་ཆང་ཁང་ཚད་ཡོད་ཀུང་སི་བཙུགས་པ་དང་། མུ་མཐུད་ནས་མཐའ་ཆུ་གྲོང་རྡལ་གྱི་གྲོང་ཚོ་6དང་གྲོང་མི་ཚོ་ཆུང་27གྱི་ཞིང་དུད་337སྣེ་ཁྲིད་དེ་རྒུན་འབྲུམ་འཁྱགས་པ་འདེབས་འཛུགས་བྱས་པ། ཀུང་སི་+གནས་གཞི་+ཞིང་དུད་+ཚན་རྩལ་ཞེས་པའི་དཔེ་དབྱིབས་ལ་བརྟེན་ནས་མཐའ་ཆུ་གྲོང་རྡལ་དུ་རྒུན་འབྲུམ་འཁྱགས་པ་འདེབས་འཛུགས་དང་ཉོ་སྒྲུབ། ལས་སྣོན་སོགས་གཞི་ཁྱོན་ཅན་གྱི་ཐོན་ལས་ཁུལ་ཆགས་ཡོད་པ་མ་ཟད། ལྷ་ཕུ་ལུང་གཞུང་གི་ཁྱད་ལྡན་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཛེས་ལྗོངས་དང་ཟུང་འབྲེལ་བྱས་ཏེ་ས་གནས་དེ་གའི་གྲོང་གསེབ་ཀྱི་ཡུལ་སྐོར་ཐོན་ཁུངས་སྤྱད་དེ་རྒུན་འབྲུམ་འཁྱགས་པ་འདེབས་འཛུགས་དོ་དམ་དང་ཆང་སྙོལ་བའི་བཟོ་རྩལ་ཉམས་ལེན། ཆང་མཛོད་དང་རྟེན་རྫས་བཤམས་མཛོད་ཁང་དུ་ལྟ་སྐོར་བྱེད་པ་སོགས་ཀྱི་ཡུལ་སྐོར་རྣམ་གྲངས་འཕེལ་རྒྱས་ཤུགས་ཆེན་བཏང་བ་རེད། ལྷ་ཕུ་ལུང་གཞུང་དང་ཙང་ཡུན་ཀུའུ་སོགས་རྒུན་ཆང་རབ་དང་རིམ་པ་སྔ་རྗེས་སུ་བཏོད་པ་དང་འབྲེལ་རྒྱལ་ཁབ་ཕྱི་ནང་གི་རྒུན་ཆང་འགྲན་བསྡུར་ཆེ་མོའི་ནང་བྱ་དགའ་ཐེངས་མང་ཐོབ་ཡོད།