བོད་ཀྱི་འཚེམ་བཟོ་བ་སྒྲོལ་དཀར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-01-15   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

     བོད་འཚེམ་དང་འབྲེལ་བའི་ལོ་རྒྱུས་སྐོར་གླེང་སྐབས་སྒྲོལ་དཀར་གྱིས་ང་ཆུང་དུས་གྲོང་གསེབ་ནས་འཚར་ལོངས་བྱུང་བས་ཁྱིམ་ཚང་གི་ཆ་རྐྱེན་དེ་འདྲ་ཡག་པོ་མེད་པ་དང་། ལུས་པོ་ཡང་ཅུང་ཞན་པས་ཕ་མས་ང་ནད་ལྟ་བ་དང་གཤགས་བཅོས་བྱེད་པར་འཁྲིད་པས་ཁྱིམ་ཚང་གི་ཁུར་པོ་དེ་བས་ལྕི་རུ་ཕྱིན་ཡོད།ངས་ཚེམ་དྲུབ་ལ་རེག་མ་མྱོང་མོད།འོན་ཀྱང་འཚེམ་བཟོ་ལ་སྤྲོ་བ་ཆེན་པོ་ཡོད།2015ལོའི་ཉིན་ཞིག་ང་བོད་ཀྱི་འཚེམ་དྲུབ་རིག་གནས་སྒྱུ་རྩལ་ཁང་བརྒྱུད་སྐབས། ཚོང་ཁང་ནང་འགྲེམས་སྟོན་བྱས་པའི་བོད་ཀྱི་འཚེམ་དྲུབ་བརྩམས་ཆོས་ཧ་ཅང་མཛེས་པོ་ཡོད་པས་རང་རྟོགས་མེད་པར་ཡིད་དབང་འཕྲོག་སོང་།སྐབས་དེར་གལ་ཏེ་ལག་རྩལ་དེ་ཤེས་ནས་བརྩམས་ཆོས་ཕྱིར་ཚོང་ཐུབ་ཚེ་ངས་ཁྱིམ་ཚང་གསོ་ཐུབ་པའི་བསམ་ཚུལ་སྐྱེས་བྱུང་། དེ་བས་ངས་སྤོབས་པ་བསྐྱེད་ནས་གླིང་གཙོ་ལ་སློབ་སྦྱོང་བྱེད་པའི་གོ་སྐབས་བརྩོན་ལེན་བྱས།བློ་ཡུལ་ལས་འདས་པ་ཞིག་ནི་གླིང་གཙོས་ང་ལ་རིན་མེད་དུ་ཁྲིད་ཆོག་ཟེར།དུས་དེ་ནས་བཟུང་ངས་ཁབ་སྐུད་རེ་རེ་བཞིན་འཚེམ་དྲུབ་ཀྱི་མི་ཚེའི་སྒོ་མོ་ཕྱེ་བ་ཡིན་ཞེས་བཤད་བྱུང་།

    ལོ་9ཡི་འཚེམ་བཟོའི་ལམ་བུ་དེ་ཐོགས་མེད་བདེ་བགྲོད་ཅིག་མིན་པར་ཁབ་སྐུད་རྒྱག་སྟངས་ཁོ་ན་སྒྲོལ་དཀར་གྱིས་ལོ་3གྱི་དུས་ཚོད་སྤྱད་པ་མ་ཟད་ལོ་3དེའི་རིང་སྒྲོལ་དཀར་ལ་གཞི་རྩའི་ཆ་ནས་ཡོང་འབབ་མེད་པ་དང་སྒྲོལ་དཀར་གྱིས་ད་དུང་མུ་མཐུད་དུ་རྒྱུན་འཁྱོངས་བྱ་རྒྱུའི་སེམས་ཐག་བཅད་པ་རེད།

    འཚེམ་དྲུབ་སློབ་སྦྱོང་བྱེད་པའི་ལོ་བཞི་པར་སྒྲོལ་དཀར་དེ་སྔ་གྲངས་འབོར་ཁོ་ན་ལས་སྤུས་ཚད་མི་གཉེར་བའི་ནོར་འཁྲུལ་གྱི་གནས་སུ་གྱར།སྒྲོལ་དཀར་གྱིས་སྐབས་དེའི་བསམ་ཚུལ་དོན་དངོས་སུ་ཧ་ཅང་ཐ་ཤལ་ཞིག་རེད།ངས་བརྩམས་ཆོས་མང་པོ་ཞིག་འཚེམ་ན་སྒོར་མོ་མང་པོ་ཞིག་བཙོང་ཐུབ་པར་འདོད།སྟབས་ལེགས་པ་ཞིག་ལ་སློབ་གཙོས་ང་ལ་སློབ་གསོ་གཏོང་བས།ང་རང་འཚེམ་བཟོའི་བརྒྱུད་རིམ་ཁྲོད་ངས་བྱ་བ་ཞིག་སྒྲུབ་དགོས་ན་དེར་དགའ་ཞེན་བྱེད་དགོས་པ་དང་། དེ་ལྟར་བྱས་ན་གཞི་ནས་བྱ་བ་ཡག་པོ་སྒྲུབ་ཐུབ་པའི་གནས་ལུགས་རིམ་བཞིན་རྟོགས་བྱུང་ཟེར།

    སྒྲོལ་དཀར་གྱིས་2023་ལོའི་ཞིང་ཆེན་རིམ་པའི་གྲོང་གསེབ་ཀྱི་ལག་ཤེས་དགེ་རྒན་གྲགས་ཅན་དུ་ངོས་འཛིན་བྱས་པ་རེད།སྒྲོལ་དཀར་གྱིས་དུས་འདི་ནས་བཟུང་ངའི་འགན་འཁྲི་དེ་བས་ལྕི་རུ་ཕྱིན་པ་དང་། འབྱུང་འགྱུར་ངས་སློབ་མ་དེ་བས་མང་པོ་བོད་ཀྱི་འཚེམ་དྲུབ་སློབ་སྦྱོང་བྱ་རྒྱུར་སྐུལ་ཁྲིད་བྱེད་ནས་ཁོང་ཚོར་བོད་ཀྱི་འཚེམ་དྲུབ་རིག་གནས་རྒྱུན་འཛིན་བྱེད་པ་དང་བརྩམས་ཆོས་དེ་བས་ལེགས་པ་དང་མང་བ་གསར་རྩོམ་བྱས་ཏེ། མི་དེ་བས་མང་བས་བོད་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཤེས་རྟོགས་དང་འཛམ་གླིང་གི་སེམས་ཀྱི་ཉི་ཟླ་ལྡན་པའི་རིག་གནས་ཀྱི་ནང་དོན་ཟབ་མོ་ཤེས་རྟོགས་ཐུབ་པར་བརྩོན་ལེན་བྱེད་རྒྱུ་ཡིན་ཞེས་བཤད་བྱུང་།