བདེ་ཆེན་གྱིས་འགྲིམ་འགྲུལ་འཛུཊ་སྐྲུན་ལ་སྐུལ་འདེད་བཏང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-01-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

图片
        ཉེ་བའི་ལོ་ཤས་རིང་རང་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིས་《བདེ་ཆེན་ཁུལ་གྱི་ལྗང་མཛེས་འགྲིམ་འགྲུལ་ལོ་གསུམ་གྱི་བྱ་སྤྱོད་(2022—2024ལོ་)ཇུས་གཞིའི་》སྤྱིའི་བཀོད་སྒྲིག་དང་བླང་བྱ་གཞིར་བཟུང་ནས་གོ་རིམ་ལྡན་པ་དང་ཕན་འབྲས་ཆེ་བའི་སྒོ་ནས་ལྗང་མཛེས་འགྲིམ་འགྲུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བས་ལས་དོན་ཁག་ལ་བརྟན་པོའི་ངང་གྲུབ་འབྲས་ཐོབ་ཡོད།
图片
        རང་ཁུལ་གྱི་གཞུང་ལམ་སྔོ་ལྗང་ཅན་དུ་འགྱུར་བར་འགྲིམ་འགྲུལ་བྱེད་ནུས་ཀྱི་བླང་བྱ་སྐོང་རྒྱུ་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་མཛེས་ལྗོངས་ཀྱི་བག་ཕེབས་རང་བཞིན་དང་སྐྱེ་ཁམས་འཕྲོད་པའི་རང་བཞིན། དེ་བཞིན་དཔལ་འབྱོར་གྱི་ཉེར་སྤྱོད་རང་བཞིན་བཅས་ལ་ལྟ་རྟོག་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱས་ནས་གཞུང་ལམ་གྱི་འགྲིམ་འགྲུལ་བྱེད་ནུས་འགན་ལེན་བྱ་དགོས་ལ། ས་ཆུ་སྲུང་འཛིན་དང་། མཐོང་ལམ་འཇམ་ཁྲིད། མཚོན་རྟགས། མཛུབ་སྟོན། མིག་འཕྲུལ་སྔོན་འགོག སྒྲིབ་པ་སོགས་ཀྱི་བྱེད་ནུས་ལའང་ཤུགས་སྣོན་རྒྱག་ཡོད། གཞུང་ལམ་གྱི་རིག་བསྐྲུན་གནས་ལྗོངས་དང་རང་བྱུང་མཛེས་ལྗོངས་འཆར་འགོད་ལུགས་མཐུན་བྱས་ནས་གཞུང་ལམ་དེ་མཛེས་ལྗོངས་བར་ཁྱམས་ཤིག་ཏུ་འགྱུར་བ་བྱས་ཡོད། ལུགས་མཐུན་གྱི་སྲོག་ཆགས་དང་རྩི་ཤིང་ཁྱུ་ཚོགས་ཀྱི་ཚབ་བྱེད་ཁ་ཕྱོགས་ཇུས་འགོད་བྱས་ཏེ་ཅུང་མགྱོགས་པའི་སྒོ་ནས་བརྟན་ལྷིང་ཡོང་བ་བྱེད་པ་མ་ཟད་ཡུན་རིང་སྐྱེ་ཁམས་མ་ལག་དོ་སྙོམས་ཡོང་རྒྱུ་རྒྱུན་འཁྱོངས་ཐུབ་ནས་སྐྱེ་ཁམས་ལས་གྲྭའི་དོ་དམ་མ་གནས་རྩ་བའི་ཐོག་ནས་ཚོད་འཛིན་ཐུབ་པ་བྱེད་པ། ཚད་ཡོད་ཀྱི་མ་དངུལ་ཆ་རྐྱེན་འོག་ཇུས་འགོད་ལེགས་སུ་གཏོང་བ་དང་རང་བྱུང་སླར་གསོ་དང་མི་ཐབས་ལ་བརྟེན་ནས་འདེབས་འཛུགས་བྱེད་པ་སོགས་ཀྱི་བྱ་ཐབས་སྣ་ཚོགས་དང་ཟུང་འབྲེལ་བྱས་ཏེ་སྐྱེ་ཁམས་ལས་གྲྭ་འཛུགས་སྐྲུན་བྱེད་པ་དང་། ཇུས་འགོད་བྱེད་ཐབས་ཐད་སྟབས་བདེ་དང་ཁོག་རྒྱ་ཆེ་བ་མངོན་གསལ་དོད་པོ་ཡོང་བ་བྱས་ནས་མདོག་ཆེན་པོ་མང་ཙམ་སྤྱད་དེ་རྙོག་འཛིང་མི་ཡོང་བ་བྱེད་པ། ལམ་འགྲམ་གྱི་སྔོ་ལྗང་ཁུལ་གྱིས་ས་ཆུ་སྲུང་འཛིན་དང་རི་ལྡེབས་བརྟན་སྲུང་གི་ནུས་པ་གཙོ་བོར་བྱས་ཏེ་ལམ་འགྲམ་གྱི་རང་བྱུང་མཛེས་ལྗོངས་དང་མཐུན་སྦྱོར་ཡོང་རྒྱུར་དོ་སྣང་བྱེད་དགོས། སྡོང་ཕྲུག་གི་ཚད་གཞི་དང་གྲངས་འབོར་གདམ་གསེས་ཐད་ཐོག་མའི་འདེབས་འཛུགས་ཀྱི་ཕན་འབྲས་དང་ཡུལ་ལྗོངས་ཀྱི་ཕན་འབྲས་གཉིས་ཀར་ལྟ་རྟོག་བྱ་རྒྱུར་དོ་སྣང་བྱས་ཏེ་འདེབས་འཛུགས་གྲོན་དངུལ་དང་བདག་སྐྱོང་གྲོན་དངུལ་ལ་ཕྱོགས་བསྡུས་བསམ་གཞིགས་བྱས་ནས་སྡོང་ཕྲན་ལྗོན་ཤིང་གི་གྲངས་འབོར་མང་དུ་གཏོང་བ་དང་ལས་གྲྭའི་ཕྱོགས་བསྡུས་འགྲོ་གྲོན་དང་དེ་བཞིན་དུས་མཇུག་གི་དོ་དམ་སྲུང་སྐྱོང་གྲོན་དངུལ་དམའ་རུ་གཏོང་པ།
图片
        ཤེས་རྟོགས་བྱུང་བར་གཞིགས་ན་རང་ཁུལ་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིས་བདེ་ཆེན་ཁུལ་གྱི་རང་བྱུང་ཁོར་ཡུག་དང་གནམ་གཤིས་ཀྱི་ཆ་རྐྱེན་ལ་བསམ་གཞིགས་གང་ལེགས་བྱས་ཏེ་ཡུལ་བབ་དང་བསྟུན་པ་དང་ས་བབ་དང་འཚམ་པ་དང་སྔོ་ལྗང་མཛེས་གསུམ་ཟུང་འབྲེལ་བྱས་ནས་ཕན་འབྲས་ལ་སྣང་ཆེན་བྱེད་པའི་རྩ་དོན་གཞིར་བཟུང་གྲང་འགོག་ཐན་འགོག་གི་སྡོང་ཕྲུག་ཐོན་ཁུངས་ཕུན་སུམ་ཚོགས་པའི་ལེགས་ཆ་སྔོག་འདོན་གང་ལེགས་བྱས་ཏེ་ས་རྒྱུ་ཞན་པ་དང་ཐན་པ་འགོག་པ་དང་རགས་ལས་ཅན་གྱི་དོ་དམ་ལ་འཚམ་པའི་རྒྱུན་ལྗང་ཤིང་རིགས་ལས་བདེ་ཆེན་ཁུལ་གྱི་གཞུང་ལམ་གྱི་རྒྱུན་ལྗང་སྒྲོམ་གཞི་གྲུབ་པ་མས་ཁུལ་མི་འདྲ་བར་གཞིགས་ནས་དུས་ཚིགས་མི་འདྲ་བའི་མེ་ཏོག་བཞད་པ་དང་ལོ་མ་ཚོན་ཁྲ་ཅན་གྱི་རྩི་ཤིང་སྡེབ་སྒྲིག་བྱས་ནས་མཛེས་ལྗོངས་ཕུན་སུམ་ཚོགས་པ་ལས་གྲུབ་པ་ཡིན། མིག་སྔར་རང་ཁུལ་གྱིས་བདམས་པའི་ལྗང་མདོག་གི་སྡོང་རྐང་ལ་གསོམ་སྡོང་དང་ཡུན་ཧྲན། ཙི་ཡེ་ལི། ཁམ་བུའི་མེ་ཏོག་སོགས་རིགས་51ཡོད། སྔོ་ལྗང་མཛེས་སྡུག་ལྡན་པའི་གཞུང་ལམ་སྤྱི་ལེ་442བསྐྲུན་ཟིན་པ་དང་སྔོ་ལྗང་མཛེས་སྡུག་ལྡན་པའི་གནམ་ཐང་(བདེ་ཆེན་སེམས་ཀྱི་ཉི་ཟླའི་གནམ་ཐང་)གཅིག་དང་སྔོ་ལྗང་མཛེས་སྡུག་ལྡན་པའི་ཞབས་ཞུའི་ཁུལ་2 (སེསམ་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཁྱིམ་སྡོད་ཞབས་ཞུའི་ཁུལ་དང་དེ་བཞིན་འབའ་ལུང་རྫོང་ཀླུ་ཆུ་ཞབས་ཞུའི་ཁུལ་གྱི་སྔོ་ལྗང་མཛེས་སྡུག་ལྡན་པའི་ཞབས་ཞུའི་ཁུལ་གཉིས་)བསྐྲུན་ཟིན་ནས་སྔོ་ལྗང་གི་སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་72.2ལེགས་གྲུབ་ཟིན་པ་དང་སྡོང་རྐང་ཁྲི་15.45འཛུགས་སྐྲུན་ལེགས་གྲུབ་ཟིན་ཡོད།