ཡུལ་བརྒྱད་གྲོང་ཚོས་ཞིང་ལས་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་ལམ་བུ་ཞིག་བཏོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-01-11   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

图片

        ཉེ་བའི་ལོ་ཤས་རིང་། འཇོལ་རྫོང་ཀོང་རྩེད་ར་གྲོང་རྡལ་ཡུལ་བརྒྱད་གྲོང་ཚོས་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་རྒྱུ་དེ་གྲོང་གསེབ་ཀྱི་གཞི་རིམ་རྨང་གཞི་བརྟན་དུ་གཏོང་བ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས་ཕུན་སུམ་ཚོགས་པའི་རང་བྱུང་ཐོན་ཁུངས་དང་རིག་གནས་ཀྱི་ལེགས་ཆར་བརྟེན་ནས་ཞིང་ལས་དང་རིག་གནས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་ཁྱད་ཆོས་ཆེན་པོ་ལྡན་པའི་གྲོང་གསེབ་དར་རྒྱས་ཀྱི་ལམ་བུ་གསར་པ་ཞིག་བཏོད་ཡོད།

图片

        ཉེ་བའི་ལོ་ཤས་རིང་ཡུལ་བརྒྱད་གྲོང་ཚོས་ཀྲུང་གོ་ཡུལ་སྐོར་ཚོགས་པ་བདེ་ཆེན་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་མ་འཇོག་འཕེལ་རྒྱས་ཀུང་སིས་ཡུལ་བརྒྱད་གྲོང་ཚོར་རོགས་སྐྱོར་བྱེད་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། “ཁམས་པའི་ཡུལ་སྲོལ་གོམས་གཤིས་ཟབ་མོ་ལྡན་པའི་རི་མཐོའི་བག་མེད་རྒྱས་སྤྲོས་ཀྱི་གྲོང་གསེབ་ཡུལ་སྐོར་བྱ་ཡུལ་+གངས་རིའི་འདབས་ཀྱི་སྤྲེའུ་ཡོད་པའི་གྲོང་ཚོ”ངེས་གནས་སུ་བྱས་ནས་གྲོང་ཚོའི་གནས་ཚུལ་དང་དམངས་ཀྱི་འདོད་བློ་ལ་ཟུང་འབྲེལ་དང་ཕུགས་ལ་དམིགས་ཏེ་ཚད་གཞི་མཐོན་པོའི་སྒོ་ནས་《ཡུལ་བརྒྱད་གྲོང་ཚོའི་གྲོང་གསེབ་དར་རྒྱས་ཀྱི་ཡུལ་སྐོར་ཇུས་འགོད་ཇུས་གཞི་》བཟོས་ནས་ཞིང་པ་གསོ་བ་དང་། རིག་གནས་བསྐྱར་དར་སོཊ་ཀྱི་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱས་ཡོད།
        གཞན་ཡང་ཡུལ་བརྒྱད་གྲོང་ཚོས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་བ་དང་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བ་བརྒྱུད། མི་སྡོད་ཁོར་ཡུག་བཅོས་སྒྲིག་དང་རིམ་སྤོར་སོགས་གཏིང་ཟབ་བྱས་པས་གྲོང་ཚོའི་རྣམ་པ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད་པ་རེད། ཡུལ་སྐོར་གསར་སྤེལ་ཞིང་པའི་ཆེད་ལས་མཉམ་ལས་ཁང་ལ་རྫོང་ཡུལ་སྐོར་གསར་སྤེལ་མ་འཇོག་ཀུང་སི་མ་རྐང་འཇོག་ནས་ཏང་རྩ་འཛུགས་+མཉམ་ལས་ཁང་+ཁེ་ལས་+ཞིང་དུད་མཉམ་ལས་བྱེད་སྟངས་སྤྱད་དེ་གྲོང་མི་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྣེ་ཁྲིད་བྱས་པ་རེད།

图片

        ཡུལ་བརྒྱད་གྲོང་ཚོའི་ཉི་སྟེང་གྲོང་མི་ཚོགས་ཆུང་དུ་བསྐྱོད་སྐབས་བོད་བཟོའི་ཁྱད་ཆོས་ལྡན་པའི་དམངས་སྡོད་ཁང་པ་ནགས་ཁྲོད་དུ་བསྐྲུན་ཡོད་པ་དང་ཡུལ་སྐོར་བ་མི་ཉུང་བ་ཞིག་རྐང་ཐང་མར་ཡུལ་སྐོར་དུ་ཡོང་བ་མཐོང་རྒྱུ་ཡོད། གྲོང་མི་ནོར་བུས་གཉེར་བའི་གནས་ཚང་ནང་ཁང་པ་གཙང་ཞིང་མི་རིགས་རིག་གནས་ཀྱི་ཉམས་འགྱུར་གྱིས་ཁེངས་ཡོད། ནོར་བུས་“གྲོང་གསེབ་ཏུ་ཡུལ་སྐོར་བྱས་པ་བརྒྱུད་ཡོང་འབབ་མངོན་གསལ་མང་དུ་ཕྱིན་ཡོད། ད་དུང་ཨ་རོག་ཁམས་པ་དང་དེ་བཞིན་ས་ཆ་གཞན་གྱི་འབྲེལ་ཡོད་ཡུལ་སྐོར་ལས་དོན་ཁང་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་བས་ལོ་ལྟར་དུད་ཚང་རེར་ཡོང་འབབ་སྒོར་ཁྲི་4་ཡས་མས་ཟིན་གྱི་ཡོད་”ཅེས་བཤད།