ལུའོ་ཁྲའོ་ཧྥེང་གིས་ཡང་ཐང་གྲོང་རྡལ་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་བཏང་ནས་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱས་ཏེ་ཞིབ་བཤེར་བསུ་བའི་གྲ་སྒྲིག་ལས་དོན་ལ་བརྟག་ཞིབ་གནང་བ་རེད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-01-11   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།    ཟླ1པོའི་ཚེས10ཉིན།ལུའོ་ཁྲའོ་ཧྥེང་གིས་“མི་བྱེད་པ་བཞི་དང་ཐད་སྐྱོད་གཉིས”ཀྱི་བྱེད་ཐབས་ལ་བརྟེན་ནས་ཡང་ཐང་གྲོང་རྡལ་དུ་བསྐྱོད་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་བཏང་ནས་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱས་ཏེ་ཞིབ་བཤེར་བསུ་བའི་གྲ་སྒྲིག་ལས་དོན་སྤེལ་བ་རེད།ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཐོག་མཐའ་བར་གསུམ་དུ་གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་། དམིགས་འབེན་ཕྱོགས་སྟོན་དུ་འཛིན་པ། མཇུག་འབྲས་ཕྱོགས་སྟོན་དུ་འཛིན་པ་བཅས་རྒྱུན་འཁྱོངས་བྱས་ཏེ། ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་ཞིབ་བཤེར་བསུ་བའི་གྲ་སྒྲིག་ལས་དོན་ཁག་ལེགས་པར་བསྒྲུབས་ཏེ་བློ་ཡིད་ཚིམ་པའི་རྒྱུགས་ཤོག་སྤྲོད་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་གྱིས་བསྟན་པ་རེད།

    མཉམ་འབྲེལ་གྲོང་ཚོ་ཨུ་ལྷན་དུ་ལུའོ་ཁྲའོ་ཧྥེང་གིས་གྲོང་ཚོའི་ལས་བྱེད་པ་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་མི་དང་བྱམས་བརྩེའི་ངང་གླེང་མོལ་གནང་ནས་ཡོང་འབབ་ཆག་པའི་དུད་ཚང་དབུལ་པོ་དང་ལྟ་ཞིབ་ཚད་ལེན་དུད་ཚང་གི་ཞིབ་ཕྲའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་། ཁོངས་གཏོགས་ཀྱི་གྲངས་གཞི་འཇུག་ཚུལ་ལ་གཟིགས་ཞིབ་གནང་བ་རེད།

    ཉིན་འདིར།ལུའོ་ཁྲའོ་ཧྥེང་གིས་དུད་ཚང་དབུལ་པོ་དང་ལྟ་ཞིབ་ཚད་ལེན་དུད་ཚང་ཁག་གཅིག་གི་ཁྱིམ་དུ་ཕེབས་ནས་ཞིང་དུད་དང་བྱམས་བརྩེའི་ངང་གླེང་མོལ་གནང་སྟེ་དུད་ཚང་དབུལ་པོ་དང་། ལྟ་ཞིབ་ཚད་ལེན་དུད་ཚང་གི་ཁྱིམ་མི། དཔལ་འབྱོར་ཡོང་འབབ། བུ་ཕྲུག་གི་སློབ་ཞུགས། ལས་གཉེར་ལས་ཞུགས།ཐོན་ལས་འཕེལ་རྒྱས་གཏོང་བ་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་ནས།ཞིང་དུད་ལ་ཡིད་ཆེས་འཛུགས་པ་དང་ཐོན་སྐྱེད་འཕེལ་རྒྱས་ཧུར་ཐག་བཏང་ནས་འཚོ་བ་སྔར་ལས་ཡག་ཏུ་གཏོང་དགོས་པའི་སྐུལ་ལྕག་གནང་བ་རེད།

    ལུའོ་ཁྲའོ་ཧྥེང་གིས་རིམ་པ་ཁག་གི་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་འགན་འཁྲི་སྔར་བས་ནན་དུ་གཏོང་ནས། ཚད་མཐོའི་འགན་འཁྲིའི་བསམ་པ་དང་ལས་འགན་སྒྲུབ་སེམས་དང་དགོས་གཏུགས་ཀྱི་བསམ་པ་བཅས་ཀྱི་ཐོག་ནས་ཞིབ་བཤེར་བསུ་བའི་གྲ་སྒྲིག་ལས་དོན་ཁག་ནན་པོ་དང་ཞིབ་ཚགས་ངང་ཡག་པོ་སྒྲུབ་དགོས་ཞེས་ནན་གྱིས་བསྟན་པ་རེད།

    ལུའོ་ཁྲའོ་ཧྥེང་གིས་ལྷག་པའི་གནད་དོན་དང་ཉེན་ཁའི་གནས་རེ་རེ་བཞིན་གསེད་བཀྲོལ་བྱས་ཏེ་བྱ་ཐབས་སྔར་བས་ཞིབ་ཚགས་སུ་གཏོང་བ་དང་གནད་དོན་གྲལ་བཤེར་དང་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་དགོས།དུད་ཚང་དུ་བཅར་འདྲི་བྱེད་པའི་ལས་དོན་ཁྱོན་ཡོངས་ནས་སྤེལ་ཏེ་དུད་ཚང་དབུལ་པོ་དང་ལྟ་ཞིབ་ཚད་ལེན་དུད་ཚང་གི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ཁྱོན་ཡོངས་ནས་ཁོང་དུ་ཆུད་པ་བྱས་ནས་མཐིལ་རྟོགས་གསལ་པོ་དང་གནས་ཚུལ་གསལ་པོ་ཡོང་བ་བྱེད་དགོས།སྲིད་ཇུས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་དང་བློ་ཡིད་ཚིམ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། རོགས་སྐྱོར་སྲིད་ཇུས་ཁག་དོན་འཁྱོལ་ཞིབ་ཚགས་བྱས་ཏེ་དུས་ཐོག་ཏུ་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་པ་དང་། བརྩེ་སེམས་ལ་བརྟེན་ནས་མང་ཚོགས་ཀྱི་སེམས་ཁྲལ་དང་རེ་སྒུག་གི་གནད་དོན་མཐུན་སྦྱོར་ངང་ཐག་གཅོད་བྱེད་རོགས་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་ངང་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་བཏང་ནས་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས།གྲོང་ཚོར་བཅའ་སྡོད་ལས་དོན་རུ་མིས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ནས་ཆབ་སྲིད་ལ་སྣང་ཆེན་དང་སྤྱི་ཡོངས་ལ་ལྟ་རྟོག་སྒྲིག་ཁྲིམས་སྲུང་བ། འགན་ནུས་དང་འགན་འཁྲི་ལག་བསྟར་ནན་ཏན་བྱས་ཏེ་གྲོང་ཚོའི་ཨུ་ལྷན་གཉིས་ལ་ལས་དོན་ཁག་དོན་འཁྱོལ་ཡག་པོ་བྱེད་རོགས་བྱེད་དགོས་པའི་བླང་བྱ་གནང་བ་རེད།

    ཁུལ་གྱི་འགོ་ཁྲིད་ཁྲེན་ཆུན་བརྟག་ཞིབ་ནང་ཞུགས་པ།