2023ལོར་བདེ་ཆེན་གྱི་འབྲུ་རིགས་ཐོན་སྐྱེད་ལེགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-01-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་སྔོན། གསར་འགོད་པས་རྒྱལ་ཁབ་བསྡོམས་རྩིས་ཅུས་བདེ་ཆེན་བརྟག་དཔྱད་རུ་ཁག་ནས་ཤེས་རྟོགས་བྱུང་བར། 2023ལོར་རང་ཁུལ་གྱི་འབྲུ་རིགས་སྐྱེ་དངོས་ཀྱི་སྤྱིའི་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་65་ཟིན་པ་དེ་ལོ་གོང་མ་ལས་མུའུ་5415་མང་དུ་ཕྱིན་ནས་0.84%འཕར་ཡོད་པ་རེད། འབྲུ་རིགས་སྤྱིའི་ཐོན་ཚད་ཏུན་170481ཟིན་པ་དེ་ལོ་གོང་མ་ལས་ཏུན་1827འཕར་ནས་1.08%འཕར་ཡོད་པ་རེད། འབྲུ་རིགས་ཕྱོགས་བསྡུས་མུའུ་རེའི་ཐོན་ཚད་མུའུ་རེར་སྤྱི་རྒྱ་262.27ཟིན་པ་དེ་ལོ་གོང་མ་ལས་0.24%འཕར་ཡོད། ལོ་ཧྲིལ་པོའི་འབྲུ་རིགས་ཐོན་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་ནས་རང་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་“བརྟན་པོའི”རྨང་གཞི་དང་“མདུན་སྐྱོད”ཀྱི་འདེགས་སྐྱོར་མཁོ་འདོན་བྱས་ཡོད།

图片

        རང་ཁུལ་གྱི་དབྱར་ཁའི་འབྲུ་རིགས་ཐོན་སྐྱེད་ཀྱི་“གཅིག་འཕར་གཉིས་ཆག”དབྱར་ཁའི་འབྲུ་རིགས་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་18.9ཟིན་པ་དེ་ལོ་གོང་མ་ལས་མུའུ་1022.7མང་དུ་ཕྱིན་ནས་0.54%འཕར་བ། སྤྱིའི་ཐོན་ཚད་ཏུན་35206ཡིན་པ་དེ་ལོ་གོང་མ་ལས་ཏུན་202ཉུང་དུ་ཕྱིན་ནས་0.57%ཆག་པ་དང་།ཕྱོགས་བསྡུས་མུའུ་རེའི་ཐོན་ཚད་སྤྱི་རྒྱ་186.29ཟིན་པ་དེ་ལོ་གོང་མ་ལས་1.11%ཆག་ཡོད།

        སྟོན་འབྲུ་ཐོན་སྐྱེད་བྱེད་རིང་རང་ཁུལ་གྱི་སྤྱིའི་ཐོན་ཚད་དང་མུའུ་རེའི་ཐོན་ཚད་རྒྱ་ཁྱོན་བཅས་“གསུམ་མཉམ་འཕར་”མངོན་འགྱུར་བྱུང་ཡོད། སྟོན་འབྲུ་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་46.1ཟིན་པ་དེ་ལོ་གོང་མ་ལས་མུའུ་4392.3མང་དུ་ཕྱིན་ནས་0.96%འཕར་ཡོད།སྤྱིའི་ཐོན་ཚད་ཏུན་135275ཟིན་པ་དེ་ལོ་གོང་མ་ལས་ཏུན་2029འཕར་ནས་1.52%འཕར་བ་དང་།ཕྱོགས་བསྡུས་མུའུ་རེའི་ཐོན་ཚད་མུའུ་རེར་སྤྱི་རྒྱ་293.42ཟིན་པ་དེ་ལོ་གོང་མ་ལས་0.56%འཕར་ཡོད་པ་རེད།