ཞིང་ལས་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱིས་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ཀྱི་རི་མོ་གསར་པ་བྲིས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-01-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        དགུན་དུས་སུ་འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་ཆི་པེ་གྲོང་ཚོར་བསྐྱོད་སྐབས་ས་ཞིང་གཤིན་པོ་ཐོག་སྔོ་ལྗང་ལྗང་གི་མྱུ་གུ་འབུས་པ་དང་དུད་ཚང་ཚང་མའི་སྒོ་ར་གཙང་ཞིང་གྲལ་འགྲིག་པས་དུས་རབས་གསར་པའི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་རྣམ་པ་ཞིག་མིག་ལམ་དུ་འཆར་ཡོང་།

图片

        བདེ་ཆེན་ཁུལ་གྱི་གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་གྲོང་ཚོ་ཞིག་ཡིན་པའི་ཆི་པེ་གྲོང་ཚོས་ཏན་སྤྲེའུ་སྤུ་སེར་མཛེས་ལྗོངས་ཁུལ་དང་ཞིང་སྡེའི་མཛེས་ལྗོངས་དང་མི་རིགས་མང་པོའི་རིག་གནས་མཉམ་འདྲེས་ཀྱི་ཁྱད་ཆོས་ལ་བརྟེན་ནས་ཁྱད་ལྡན་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་གཏོང་བ་དང་།“ཞིབ་འཇུག་སློབ་སྦྱོང་གི་ཡུལ་སྐོར”དང་།ཕ་ཡུལ་གྱི་དྲན་གདུང་འཚོལ་བ།ཞིང་པའི་སྔོ་ཚལ་ལ་རོལ་མྱོང་བྱེད་པ།གྲོང་གསེབ་ཀྱི་འཚོ་བ་དལ་མོ་རོལ་བ། དམངས་སྲོལ་ཉམས་ལེན་སོགས་ཁྱད་ཆོས་ལྡན་པའི་ཡུལ་སྐོར་རྣམ་གྲངས་བཏོན་ནས། གྲོང་མི་རྣམས་ཀྱི་སྣེ་ཁྲིད་དེ་ས་གནས་དེ་གའི་འཕེལ་རྒྱས་ཀྱི་དོན་དངོས་དང་མཐུན་པའི་ཕྱུག་འགྱུར་ལམ་བུ་ཞིག་བཏོད་པ་རེད།

        མིག་སྔའི་བར་དུ།ཆི་པེ་གྲོང་ཚོར་ཁྱོན་ཨར་ཁང་དང་དམངས་སྲོལ་སྡོད་ཁང་29དང་ཞིང་ཁྱིམ་སྤྲོ་སྐྱིད་ཁང་དང་གསོལ་མགྲོན་ཁང་16ཡོད་པ་དང་མི་རེའི་ཆ་སྙོམས་ལོའི་ཡོང་འབབ་2016ལོའི་སྒོར་6000ནས་2023ལོའི་སྒོར་19800བར་འཕར་ཡོད་པ་རེད།

图片

        ཉེ་བའི་ལོ་ཤས་རིང་ཆི་པེ་གྲོང་ཚོས་ཕྱི་རོལ་གྱི་ལུས་རྩལ་ཚོགས་ཆེན་དང་།རས་པའི་སྒྱུ་རྩལ་དུས་ཆེན། ལ་ཕུའུ་ཡི“སྐད་སྒྲ་སྙན་པོ”སོགས་རིག་གནས་ལུས་རྩལ་བྱེད་སྒོ་སྒྲིག་འཛུགས་ཧུར་ཐག་བྱས་ནས་གྲོང་གསེབ་ཀྱི་ཡུལ་སྐོར་ཐོན་ཁུངས་དྲིལ་བསྒྲགས་དང་འགྲུལ་ཁུངས་འདྲེན་ཤུགས་ཆེ་རུ་བཏང་བས་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

图片

        2014ལོར། གྲོང་མི་ཧོ་ཀྲི་ལུང་གིས་གྲོང་ཚོའི་ནང་ས་ཞིང་མུའུ་40འགན་གཙང་བླངས་ནས་སྣོད་བཅུད་འབྲས་འདེབས་འཛུགས་དང་འབྲས་ཞིང་ཉ་གསོ་ཚགས། ཞིང་དུད་སྤྲོ་སྐྱིད་ཁང་སོགས་བཙུགས་པ་མ་ཟད་ཞིང་དུད་གཞན་དག་གི་ས་ནས་སྣོད་བཅུད་འབྲས་དང་འབྲས་ཞིང་ཉ་ཉོ་སྒྲུབ་བྱས་པ་རེད།ད་ཆ་ཁོང་གི་ཞིང་པའི་སྤྲོ་སྐྱིད་ཁང་གི་ཚོང་ཇི་ཙམ་བརྒྱབ་པ་དེ་ཙམ་གྱིས་བྲིན་ཁ་རྒྱུག་ཏུ་ཕྱིན་ནས་2023་ལོར་ཡོང་འབབ་སྒོར་ཁྲི་20་ལྷག་ཙམ་བྱུང་ཡོད།ཧོ་ཀྲི་ལུང་གིས་གསར་འགོད་པར་་འབྲས་ཞིང་ཉ་དང་ཞིང་དུད་སྔོ་ཚལ་ལ་ཡུལ་སྐོར་བས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད་པ་དང་ཡུལ་སྐོར་བ་ཁག་གཅིག་གིས་ལོ་ལྟར་སྣོད་བཅུད་འབྲས་མངགས་ཉོ་བྱེད་ཀྱི་ཡོད་པ་མ་ཟད་ད་དུང་ཡུལ་སྐོར་བ་ཁག་གཅིག་གིས་ང་ཚོར་ས་ཞིང་མུའུ་གཅིག་ཉོ་རྒྱུའི་རེ་བ་བཏོན་གྱི་ཡོད་ཅེས་བཤད་བྱུང་།

图片

        ཆི་པེ་གྲོང་ཚོར་དམངས་སྲོལ་སྡོད་ཁང་དང་མགྲོན་ཁང་གཉེར་མཁན་ཇེ་མང་དུ་འགྲོ་བ་དང་།སུམ་རྩེན་མཐའ་ཆུ་དང་ཐེན་ཡུལ་མཐའ་ཆུ་སོགས་རྩེར་སོན་དམངས་སྲོལ་སྡོད་ཁང་དང་མགྲོན་ཁང་ཁག་གཅིག་གིས་ས་གནས་དེ་གའི་ཁྱད་དུ་འཕགས་པའི་སྣོད་བཅུད་ཁོར་ཡུག་དང་ས་ཁམས་གནས་བབ་དང་ཟུང་འབྲེལ་བྱས་ཏེ་ཡུལ་སྐོར་ཉམས་ལེན་རྣམ་གྲངས་གསར་པ་ཞིབ་འཇུག་གསར་སྤེལ་བྱས་པས་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ཡུལ་སྐོར་བ་རྒྱུན་ཆད་མེད་པར་གྲོང་ཚོ་ཆུང་ཆུང་དེར་ཡོང་གི་ཡོད།

        ཧ་པོ་ཏ་ཡུན་ཀུའུ་ནི་ཡུལ་སྐོར་གསར་སྤེལ་ཞབས་ཞུ་དང་།ཡུལ་སྐོར་རིག་པ།ས་མཐོའི་རང་བྱུང་སློབ་གསོ།ཞིང་ལས་ཐོན་རྫས་ཉོ་སྒྲུབ་དང་ལས་སྣོན།ཕྱིར་འཚོང་བཅས་གཞི་གཅིག་ཏུ་གྱུར་པའི་ཞིང་འགྲུལ་ཀུང་སི་ཞིག་ཡིན།2017ལོར་ཀུང་སི་དེས་ཆི་པེ་གྲོང་ཚོར་ཧ་པོ་ཏ་ཡུན་ཀུའུ་དམངས་སྡོད་ཁང་པ་བསྐྲུན་ནས་པེ་ཅིང་དང་།ཧྲང་ཧའེ།ཀྲུའུ་ཧའེ་སོགས་འཐབ་ཕྱོགས་དང་པོའི་གྲོང་ཁྱེར་གྱི་གཉེན་ཉེའི་སློབ་གསོའི་ལས་སྟེགས་དང་རྩེར་སོན་ཡུལ་སྐོར་སྒྲིག་གཞི་དང་མཉམ་ལས་བྱས་པ་བརྒྱུད་དབྱར་སྒར་དང་། དགུན་སྒར་དཔྱིད་གསར་དུས་ཆེན་སོགས་ཀྱི་བྱེད་སྒོ་སྤེལ་ནས།སློབ་གྲྭ་འབྲིང་ཆུང་གི་སློབ་མར་རས་པ་དང་།མི་རིགས་ཀྱི་གྱོན་ཆས།རྡོ་བརྐོས།ས་མཐོའི་རྐང་ཐང་སོགས་ཀྱི་རྣམ་གྲངས་ཉམས་སུ་མྱོང་དུ་བཅུག་པ་རེད།མིག་སྔའི་བར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་3ལྷག་ཙམ་ལ་སྣེ་ལེན་ཞུས་ཡོད།

图片

        ཆི་པེ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཀུའུ་ཡུས་ཧའེ་ཡིས་གསར་འགོད་པར་203ལོའི་གོང་གི་ཟླ་བ་10ཡི་ནང་ཆི་པེ་གྲོང་ཚོས་ཡུལ་སྐོར་བ་ཁྲི་4ཙམ་ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་ལས་ཞུགས་མི་སྣ་ཇེ་མང་དུ་ཕྱིན་ནས་ཞིང་དུད་ཀྱིས་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་ཧུར་བརྩོན་རང་བཞིན་ཇེ་ཆེར་ཕྱིན་ཡོད།མིག་སྔར་ཆི་པེ་གྲོང་ཚོར་འཛུགས་སྐྲུན་བྱེད་བཞིན་པའི་དམངས་སྡོད་དང་ཞིང་དུད་སྤྲོ་སྐྱིད་ཁང་10ལྷག་ཙམ་ཡོད་པ་དང་མདའ་འཕེན་པ་དང་། རྡོ་འཐག་སྲན་ཐུག ལོ་གསར་གྱི་ཐུད་ཟས་བཟོ་བ།སྤོས་བཟོ་བ་སོགས་གྲོང་གསེབ་ཀྱི་ཡུལ་སྐོར་ཉམས་ལེན་རྣམ་གྲངས་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་།གྲོང་གསེབ་ཀྱི་ཡུལ་སྐོར་བྱེད་སྟངས་གསར་པ་ཆགས་བཞིན་ཡོད།ང་ཚོར་གྲོང་མིའི་སྣེ་ཁྲིད་དེ་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་ཡག་པོ་བཏང་ནས་གྲོང་གསེབ་དར་རྒྱས་ལ་རོགས་རམ་བྱ་རྒྱུའི་ཡིད་ཆེས་ཡོད་ལ་ཆོད་སེམས་ཀྱང་ཡོད་ཅེས་བཤད་བྱུང་།