དགུན་དུས་རྒྱལ་སྤྱིའི་བྱ་གཟིགས་དུས་ཆེན་སྐབས་དྲུག་པ་འགོ་ཚུགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-01-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

图片

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ1པོའི་ཚེས་9ཉིན། འཛམ་གླིང་གི་“སེམས་ཀྱི་ཉི་ཟླ”—“སྣོད་བཅུད་བདེ་ཆེན། བྱ་རིགས་ཀྱི་ཞིང་ཁམས”ཞེས་པའི་དགུན་དུས་རྒྱལ་སྤྱིའི་བྱ་གཟིགས་དུས་ཆེན་སྐབས་དྲུག་པ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནགས་ཕག་མཚོ་འགྲམ་དུ་འགོ་ཚུགས།

        ཀྲུང་གོའི་བྱ་རིགས་སློབ་ཚོགས་ཀྱི་ལས་འཛིན་འགོ་གཙོ། པེ་ཅིང་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཀྲང་ཀྲེང་ཝང་དང་། ཞིང་ཨུའི་སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བཅོ་ལྔ་པའི་ཙུའུ་ཀྲང་ཧོ་ཞང་ཧོང་སོགས་འགོ་ཁྲིད་གདན་ཞུས་ལྟར་འགོ་ཚུགས་མཛད་སྒོར་ཞུགས།

图片

    ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་བྱེད་སྒོ་འགོ་ཚུགས་པའི་ཁྱབ་བསྒྲགས་བྱས། 

图片

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་གིས་ཤིས་ཚིག་ཕུལ། ལི་ཡན་ལན་དང་ཡུས་ཧྲེང་ཞང་སོགས་འགོ་ཚུགས་མཛད་སྒོར་ཞུགས།
        ཀྲང་ཝེ་ཏུང་གིས་དང་ཐོག་ཀྲུང་གུང་བདེ་ཆེན་ཁུལ་ཨུ་དང་། ཁུལ་མི་དམངས་འཐུས་ཚོགས། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་བཅས་དང་དེ་བཞིན་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་ཚབ་ཞུས་ནས་བྱེད་སྒོར་ཞུགས་པར་ཕེབས་པའི་འགོ་ཁྲིད་རྣམ་པ་དང་། རིགས་གཅིག་མཁས་པ། སྐུ་མགྲོན་རྣམ་པ་བཅས་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་། བདེ་ཆེན་འཕེལ་རྒྱས་ལ་ཐོག་མཐའ་བར་གསུམ་དུ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་ལས་རིགས་ཁག་གི་མི་སྣ་དང་ཕྱོགས་ཁག་གི་གྲོགས་པོ་ཚོར་ལྷག་བསམ་ཟོལ་མེད་ཀྱི་ཐུགས་རྗེ་ཆེ་ཞུས་པ་རེད།
        ཀྲང་ཝེ་ཏུང་གིས་བསྟན་དོན། ཐེངས་འདིའི་བྱེད་སྒོ་འདི་རང་ཁུལ་གྱི་2024ལོའི་སྣོད་བཅུད་རིག་གནས་ཡུལ་སྐོར་གྱི་བརྗོད་བྱ་གཙོ་བོའི་བྱེད་སྒོ་ཐོག་མ་ཡིན་པའི་ངོས་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱིའི་སྤུས་ཚད་མཐོ་བའི་ཡུལ་སྐོར་བྱ་ཡུལ་གཏོད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་ཤར་གཏོང་ཐུབ་པ་དང་ཆབས་ཅིག་བདེ་ཆེན་གྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོ་སྐབས་གལ་ཆེན་བསུས་པ་དང་། རང་ཁུལ་གྱིས་“དགུན་དུས་སེམས་ཀྱི་ཉི་ཟླར་ཁ་བར་རྩེད་པ་དང་བྱ་རིགས་ལ་ལྟ་བ་ཞེས་པའི་རིག་གནས་ཡུལ་སྐོར་གྱི་མིང་བྱང་གསར་པ་བཏོན་ནས་“བྱ་རིགས་ལ་ལྟ་བ་དང་། བྱ་རིགས་ལ་དགའ་བ། བྱ་རིགས་སྲུང་བ་ཞེས་པའི་བྱེད་སྒོ་དེ་རིག་གནས་ཡུལ་སྐོར་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། སྣོད་བཅུད་སྲུང་སྐྱོང་དང་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་སྲུང་སྐྱོང་དང་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་རྨང་གཞི་བརྟན་པོ་འདིང་ཡོད། སླད་ཕྱིན་གྱི་ལོ་5ནི་མཛེས་སྡུག་ལྡན་པའི་བདེ་ཆེན་འཛུགས་སྐྲུན་བྱེད་པའི་དུས་སྐབས་གལ་ཆེན་ཞིག་ཡིན་པ་དང་བདེ་ཆེན་གྱིས་སྤུས་ཚད་མཐོ་བའི་སྣོད་བཅུད་ཁོར་ཡུག་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱ་རྒྱུ་ཡིན།
        ཤེས་གསལ་བྱུང་དོན། ཐེངས་འདིའི་དགུན་དུས་རྒྱལ་སྤྱིའི་བྱ་གཟིགས་དུས་ཆེན་གྱི་བྱེད་སྒོ་དུས་ཡུན་ཉིན་4ཡོད་པ་དང་། “སྣོད་བཅུད་སྲུང་སྐྱོང་གི་གྲུབ་འབྲས་འགྲེམས་སྟོན་དང་།“སྣོད་བཅུད་ཐོན་ཁུངས་ཀྱི་སྤུས་དག་འོས་སྦྱོར།“སྣོད་བཅུད་བདེ་ཆེན། བྱ་རིགས་ཀྱི་ཞིང་ཁམསཀྱི་བྱ་གཟིགས་འགྲན་བསྡུར། “སྣོད་བཅུད་ཡུལ་སྐོར་ཧྲ་ལུང་མཉམ་སྤྱོད། “སྣོད་བཅུད་ཤེས་དཔལ་གྱི་བརྗོད་དོན་གཙོ་བོའི་མཚན་ཚོགས་བཅས་གཉེར་བར་བརྟེན་ནས་“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ལས་ལྷག་ཞེས་པའི་འདུ་ཤེས་བདེ་ཆེན་དུ་གྲུབ་འབྲས་ཐོབ་པའི་ལག་ལེན་དང་གྲུབ་འབྲས་ཆེན་པོ་གང་ལེགས་མངོན་པར་བྱ་རྒྱུ་ཡིན་པ་དང་། མཛེས་སྡུག་ལྡན་པའི་བདེ་ཆེན་འཛུགས་སྐྲུན་ལ་བརྟེན་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།