བདེ་ཆེན་གྱིས་ནུགས་ཤུགས་ཡོད་རྒུས་དགུན་དུས་ཡུལ་སྐོར་འཕེལ་རྒྱས་བཏང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-01-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནས་བཟུང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ས་ཁོངས་ནང་གི་རང་བྱུང་དང་མི་རིགས་ཀྱི་རིག་གནས་ཐོན་ཁུངས་སྤྱི་འདོམས་བསྡུ་སྒྲིལ་བྱས་ཏེ།       འཛམ་གླིང་གི“སེམས་ཀྱི་ཉི་ཟླའི”གསེར་བྱང་དང“གཙང་གསུམ་མཉམ་བཞུར་”    “ཁ་བ་དཀར་པོ” “ཇ་རྟ་གནའ་ལམ”སོགས་ཡུལ་སྐོར་སྤུས་རྟགས་གྲགས་ཅན་བཏོད་པ་དང“གཞི་རིམ་དུ་སྐྱོད་པ་བཞིའི”ལས་ཀའི་ལམ་ལུགས་དང་ཟུང་འབྲེལ་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཞི་ཚུགས་ཏེ་དགུན་དུས་ཡུལ་སྐོར་འཕེལ་རྒྱས་ཀྱི་དཀའ་གནད་ནུས་ཤུགས་ཡོད་རྒུས་བསལ་ནས་རིག་གནས་དང་ཡུལ་སྐོར་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་བའི་ལེའུ་གསར་པ་བརྩམས་ཡོད།

        མཐུན་སྦྱོར་ལམ་སྲོལ་བཙུགས་ནས་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་པ། རང་ཁུལ་གྱིས་ལམ་སྲོལ་གྱི་འགན་ལེན་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཏ་ལི་དང་། ས་དམ། བདེ་ཆེན་བཅས་ཁུལ་གསུམ(གྲོང་ཁྱེར)གྱི་མཐུན་སྦྱོར་མཉམ་ཞུགས་ཚོགས་འདུའི་ལམ་སྲོལ་ནུས་ཤུགས་ཡོད་རྒུས་བཙུགས་ཏེ་ལམ་ཐིག་ཕན་ཚུན་སྐུལ་འདེད་དང་། གྲངས་གཞི་བརྗེ་རེས། བྲིན་ཚོང་མཉམ་འགུལ། འགྲུལ་ཁུངས་ཕན་ཚུན་སྐྱེལ་རེས། ལམ་ལུགས་ཕན་ཚུན་སྐུལ་འདེད་བཅས་ཀྱི་ཐོག་ནས་ཕྱོགས་གསུམ་གྱི་གནས་འཛོལ་འཕེལ་རྒྱས་དང་། མཉམ་འདྲེས་འཕེལ་རྒྱས། ཁྱད་ལྡན་འཕེལ་རྒྱས་བཅས་ལ་སྐུལ་འདེད་བཏང་སྟེ་རང་རང་སོ་སོའི་མཛེས་སྡུག་དང་ནང་དོན་ཕུན་སུམ་ཚོགས་སུ་བཏང་ནས་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་ཁྱད་ཆོས་གསར་པ་བཏོད་པ།  སེམས་ཀྱི་ཉི་ཟླའི་རྒྱལ་ཁབ་སྤྱི་གླིང་གཏོད་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་བརྗོད་དོན་གཙོ་བོའི་རིག་གནས་དང་ཡུལ་སྐོར་བྱེད་སྒོ་དང་། དུས་ཆེན་དང་རྟེན་འབྲེལ་བྱེད་སྒོའི་སྤུས་རྟགས་བཏོད་པ། རིག་གནས་དང་ཡུལ་སྐོར་ལས་རིགས་ཀྱི་ཐོན་རྫས་ཕུན་སུམ་ཚོགས་སུ་བཏང་བ་བཅས་བྱས་པ།

        ཐོན་ལས་གཞན་སྒྱུར་ལ་སྣང་ཆེན་བྱས་ནས་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་པ། རང་ཁུལ་གྱིས་སྣ་མང་གཉེར་སྐྱོང་ལ་བརྟེན་ནས་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་བཏང་ཡོད། ཡུལ་སྐོར་ཐོན་རྫས་ནང་སྲོལ་རྒྱུན་གྱི་འགྲིམ་འགྲུལ་དང་། ཞག་སྡོད། སྒོ་འཛིན་སོགས་ཀྱི་ཞབས་ཞུ་ཚུད་པ་མ་ཟད། ཞིམ་ཟས་དང་། དངོས་ཟོག་ཉོ་སྒྲུབ། རོལ་རྩེད། ཞིབ་འཇུག་སློབ་སྦྱོང་སོགས་ཁྱབ་ཁོངས་མང་པོ་དང་འབྲེལ་བ། ད་ཡོད་སྤུས་རྟགས་ཀྱི་རྨང་གཞིའི་ཐོག་ཐོན་རྫས་མཁོ་སྤྲོད་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་བ་དང་། ཡུལ་སྐོར་བའི་ཉམས་ལེན་མང་དུ་བཏང་བ། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དང་དུས་ཚོད་ཧྲིལ་པོའི་ཡུལ་སྐོར། རྒྱུ་རྐྱེན་གཙོ་བོའི་ཡུལ་སྐོར་བཅས་ནུས་ཤུགས་ཡོད་རྒུས་བཏོད་པ། རིག་གནས་ཡུལ་སྐོར་དང་ཞིང་ལས་ཡུལ་སྐོར་སོགས་མཉམ་འདྲེས་གཏིང་ཟབ་ཏུ་བཏང་བ། གཉེན་སྒྲིག་འཁྲབ་སྟོན་དང་། ཡུལ་སྐོར་པར་ལེན་རོལ་རྩེད། ཕན་ཚུན་མྱོང་ཚོར། རིག་གནས་བརྗོད་དོན་གཙོ་བོའི་བཟའ་བཏུང་། བློ་རིག་ཡུལ་སྐོར་སོགས་ཐོན་རྫས་གསར་པ་དང་ལས་རྣམ་གསར་པ་གཙོ་གནད་ཐོག་གསར་སྤེལ་བྱས་པ། གྲངས་གཞིའི་ལག་རྩལ་རིག་གནས་དང་ཡུལ་སྐོར་ཁྱབ་ཁོངས་སུ་སྤྱོད་རྒྱུར་སྐུལ་འདེད་བཏང་བ་བཅས་བྱས་པ།

        དམངས་ཕན་གྱི་བྱ་ཐབས་ལ་སྣང་ཆེན་བྱས་ནས་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་ལེགས་ཆ་གསར་པ་བཏོད་པ། རང་ཁུལ་གྱིས་དམངས་ཕན་གྱི་བྱ་ཐབས་སྤྱད་དེ་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ་དང་། རིག་གནས་དང་ཡུལ་སྐོར་ལ་བརྟེན་ནས་ཁུལ་སྟོབས་ཆེར་གཏོང་བའི་བྱ་སྤྱོད་འཆར་གཞི་བཟོས་ནས་ལག་ལེན་བསྟར་བ། བདེ་ཆེན་གྱི་ཐུན་མོང་མ་ཡིན་པའི་རང་བྱུང་ཐོན་ཁུངས་དང་། མི་རིགས་རིག་གནས། བཟའ་བཏུང་རིག་གནས་དང་། མངོན་མིན་རིག་གནས་ཤུལ་བཞག  གྱོན་ཆས་རིག་གནས་སོགས་གཙོ་བོར་བྱེད་པའི་རིག་གནས་གཞི་རྒྱུ་སྔོག་འདོན་བྱས་པ་དང་གསར་དུ་གཏོད་པ། རིག་གནས་དང་ཡུལ་སྐོར་ཐོན་རྫས་མཁོ་སྤྲོད་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་བ་བཅས་བྱས་ཡོད།