ནགས་ཕག་མཚོ་དོ་དམ་སྲུང་སྐྱོང་ཅུས་ཀྱིས་དགུན་སྒྲོལ་དུས་བྱའི་ཞིང་ཁམས་བསྐྲུན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-01-05   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

         ཉེ་བའི་ལོ་ཤས་རིང་ནགས་ཕགམཚོ་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་སྲུང་སྐྱོང་ཅུས་ཀྱིས་ཐབས་མང་མཉམ་སྤྱོད་ཀྱིས་རླན་ས་སྐྱེ་ཁམས་བདེ་ཐང་གི་སྤུས་ཚད་མཐོ་རུ་ཤུགས་ཆེན་བཏང་བ་དང་མང་ཚོགས་ཀྱི་རང་རྟོགས་ངང་རླན་ས་སྐྱེ་ཁམས་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཟབ་ཏུ་བཏང་ནས་དུས་བྱ་གནས་སྤོ་བྱ་རྒྱུར་འཚམ་པའི་འཚོ་སྡོད་ཁོར་ཡུག་མཁོ་འདོན་བྱས་པས་རླན་ས་སྲུང་སྐྱོང་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

2016ལོར་ནགས་ཕག་མཚོ་རྒྱལ་སྤྱིའི་རླན་ས་གལ་ཆེན་གྱིས་རླན་ས་སྐྱེ་ཁམས་ཕན་འབྲས་ཁ་གསབ་རྣམ་གྲངས་ལག་བསྟར་བྱེད་འགོ་ཚུགས་པ་དང་རླན་ས་སྐྱེ་ཁསམ་ཞབས་ཞུའི་ནུས་པའི་ཁ་གསབ་དང་རླན་ས་སླར་གསོའི་ཁུལ་གྱི་ཁ་གསབ། རླན་ས་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དཔེ་སྟོན། དོ་དམ་སྲུང་སྐྱོང་མི་སྣ་གདན་ཞུ་སོགས་ཀྱི་ནང་དོན་ལག་བསྟར་བྱས་པ་བརྒྱུད་རླན་ས་སྐྱེ་ཁམས་བདེ་ཐང་གི་སྤུས་ཚད་མཐོ་རུ་ནུས་ལྡན་བཏང་བ་དང་། མང་ཚོགས་ཀྱིས་རང་རྟོགས་ངང་རླན་ས་སྐྱེ་ཁམས་སྲུང་སྐྱོང་བྱེད་པའི་འདུ་ཤེས་མཐོ་རུ་བཏང་བ་དང་རླན་ས་སྲུང་སྐྱོང་དང་དོ་དམ་བྱེད་ནུས་ཆེ་རུ་བཏང་ཡོད།

2023ལོར་ནགས་ཕག་མཚོ་དོ་དམ་སྲུང་སྐྱོང་ཅུས་ཀྱིས་ནགས་ཕག་མཚོ་མཐའ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པ་དང་ཆུའི་ཁོར་ཡུག་བཅོས་སྒྲིག་དང་ཆུ་སྐྱོན་བཅོས་སྒྲིག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་ནགས་ཕག་མཚོའི་ཆུ་ཁ་དེ་བདེ་འཇགས་ཀྱི་ཆུ་ཁར་གནས་པའི་དམིགས་ཚད་མངོན་འགྱུར་བྱུང་བ་རེད། དེ་དང་ཆབས་ཅིག་ནགས་ཕག་མཚོའི་དུས་ཚིགས་རང་བཞིན་གྱི་མཚེའུ་ཡི་ཁྱད་ཆོས་ལ་གཞིགས་ནས་སྲུང་སྐྱོང་བྱ་ཡུལ་གཙོ་བོ་ཁྲུང་ཁྲུང་སྐེ་ནག་སོགས་དགུན་སྒྲོལ་ཆུ་བྱའི་སྐྱེ་ཁམས་ཀྱི་དགོས་མཁོ་དང་རླན་སའི་ནུས་པར་བརྟེན་ནས་སྐྱེ་ཁམས་ཀྱི་ཆུ་ཁ་ཡག་ཤོས་ཚོད་འཛིན་བྱེད་ཀྱི་ཡོད།

ཉེ་བའི་ལོ་ཤས་རིང་ནགས་ཕག་མཚོ་དོ་དམ་སྲུང་སྐྱོང་ཅུས་ཀྱིས་དྲིལ་བསྒྲགས་བྱེད་སྒོ་ཧུར་ཐག་སྤེལ་ནས་གྲོང་མིར་རླན་ས་སྲུང་སྐྱོང་གི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་རྣམ་གྲངས་སོགས་འགྲེལ་བཤད་བརྒྱབ་པ་དང་འབྲེལ་སྐད་འཕྲིན་སྤྱི་རྟགས་སྤྱད་དེ་ལས་ཀའི་འགུལ་རྣམ་དང་དགུན་སྒྲོལ་དུས་བྱ་འཚོ་སྡོད་གནས་ཚུལ་སོགས་ཀྱི་ནང་དོན་ཁྱབ་བསྒྲགས་བྱས་པ་དང་ཞིང་ཆེན་རིམ་པའི་སྐྱེ་ཁམས་ཤེས་དཔལ་སློབ་གསོའི་རྟེན་གཞིའི་སྟེགས་བུ་སྤྱད་དེ་སྤྱི་ཚོགས་ཚོགས་པར་ཕྱོགས་ནས་ཚན་རྩལ་ཁྱབ་གདལ་གྱི་བྱེད་སྒོ་སྣ་ཚོགས་སྤེལ་བས་གྲོང་མི་དང་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣའི་རླན་ས་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་ཕྱིན་ཡོད།