ལུའོ་ཁྲའོ་ཧྥུང་གིས་ཚན་ཁག་བཞིའི་འབྲེལ་ཡོད་འགོ་ཁྲིད་ཀྱི་སྣེ་ཁྲིད་དེ་སྤྱི་བདེའི་ལས་བྱེད་ཉེན་རྟོག་པ་དང་། ནོར་ཁྲལ་དང་དངུལ་རྩའི་ཁོངས་གཏོགས་ཀྱི་ལས་བཟོ་བར་འཚམས་འདྲི་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-01-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ་12ཚེས་31ཉིན་གྱི་དགོང་མོ་ལུའོ་ཁྲའོ་ཧྥུང་གིས་ཚན་ཁག་བཞིའི་འབྲེལ་ཡོད་འགོ་ཁྲིད་ཀྱི་སྣེ་ཁྲིད་དེ་གནམ་ལོ་གསར་ཚེས་ཀྱི་གུང་གསེང་རིང་ལས་གནས་བརྟན་སྲུང་བྱེད་མཁན་སྤྱི་བདེའི་ལས་བྱེད་ཉེན་རྟོག་པ་དང་དེ་བཞིན་ལོ་མཇུག་གི་བསྡོམས་རྩིས་འཐབ་ས་དང་པོར་འབད་འཐབ་བྱེད་མཁན་ནོར་ཁྲལ་ལ་འཚམས་འདྲི་གནང་ནས།ཁོང་ཚོས་ལོ་གཅིག་རིང་ཁུལ་ཡོངས་ཀྱི་བརྟན་ལྷིང་འཕེལ་རྒྱས་ལ་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་དང་ཁོང་ཚོར་དུས་ཆེན་གྱི་འཚམས་འདྲི་དང་ལོ་གསར་གྱི་སྨོན་འདུན་ཞུས་པ་རེད།

    ཁུལ་སྤྱི་བདེ་ཅུས་སུ་ལུའོ་ཁྲའོ་ཧྥུང་དང་དེ་བཞིན་ཚན་ཁག་བཞིའི་འབྲེལ་ཡོད་འགོ་ཁྲིད་བཀོད་འདོམས་ལྟེ་གནས་སུ་བསྐྱོད་དེ་བརྙན་ལམ་མ་ལག་བརྒྱུད་ཁུལ་ཡོངས་ཀྱི་འགྲིམ་འགྲུལ་ལམ་སྟོན་དང་བདེ་འཇགས་སྔོན་འགོག་ཚོད་འཛིན་སོགས་ཀྱི་གནས་ཚུལ་ལ་འཐེན་བཤེར་བཀོད་གཏོང་བྱས་པ་དང་།རྫོང་(གྲོང་ཁྱེར་)ཁག་དང་དེ་བཞིན་སེམས་ཀྱི་ཉི་ཟླའི་ཐོན་ལས་གླིང་ཁུལ་གྱི་ལོ་བརྒལ་མཚན་མོའི་ཁོངས་གཏོགས་ཁུལ་གྱི་སྤྱི་ཚོགས་ངོས་ཀྱི་གནས་ཚུལ་དང་གནམ་ལོ་གསར་ཚེས་ཀྱི་བདེ་སྲུང་དང་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་གནས་ཚུལ་སྙན་སེང་གསན་པ་རེད།

    ལུའོ་ཁྲའོ་ཧྥུང་གིས་སྤྱི་བདེའི་ལས་བྱེད་ཉེན་རྟོག་པས་ཁུལ་ཡོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་ཡོང་ཆེད་ལེགས་སྐྱེས་ཕུལ་བར་ཁས་ལེན་གནང་བ་རེད།ཁོང་གིས་འདས་ཟིན་པའི་ལོ་གཅིག་ནང་ཁུལ་ཡོངས་ཀྱི་སྤྱི་བདེའི་ལས་བྱེད་ཉེན་རྟོག་པ་དང་གཞོགས་འདེགས་ཉེན་རྟོག་པས་རང་འགན་ནན་སྒྲུབ་ཀྱིས་དུས་བདེ་འགན་ལེན་དང་།བརྟན་ལྷིང་འགན་ལེན།ཤར་བགྲོད་འགན་ལེན་བཅས་བྱས་པས་དཔལ་འབྱོར་དང་སྤྱི་ཚོགས་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བ་དང་།མི་དམངས་མང་ཚོགས་བདེ་སྡོད་ལས་བརྩོན་གྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད།2024ལོར་ཚང་མས་སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་མཐའ་ཚད་ཀྱི་བསམ་གཞིགས་བྱེད་ཤུགས་ཆེ་རུ་བཏང་ནས་ཁུལ་ཡོངས་ཀྱི་སྤྱི་ཚོགས་བརྟན་ལྷིང་དང་ཆབ་སྲིད་བདེ་འཇགས་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས་ཞེས་བསྟན་པ་རེད། 

    ཁུལ་ནོར་སྲིད་ཅུས་སུ་ལུའོ་ཁྲའོ་ཧྥུང་དང་དེ་བཞིན་ཚན་ཁག་བཞིའི་འབྲེལ་ཡོད་འགོ་ཁྲིད་ཀྱིས་ནོར་ཁྲལ་དང་དངུལ་རྩའི་ཁོངས་གཏོགས་ཀྱི་ལས་བྱེད་ལས་བཟོ་དང་སྤེལ་རེས་བཞུགས་མོལ་གནང་བ་རེད།ནན་ཏན་གྱིས་ཁུལ་ནོར་སྲིད་ཅུས་དང་།ཁུལ་ཁྲལ་དོན་ཅུས།མི་དམངས་དངུལ་ཁང་བདེ་ཆེན་ཁུལ་ཡན་ལག་དངུལ་ཁང་།རྒྱལ་ཁབ་དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱི་བདེ་ཆེན་ཡན་ལག་ཅུས།བདེ་ཆེན་དུ་བཅའ་སྡོད་བྱས་པའི་ཚོང་ལས་དངུལ་ཁང་ཁག་བཅས་ཀྱི་ལོ་གཅིག་རིང་གི་ལས་ཀའི་གནས་ཚུལ་སྙན་ཞུ་ལ་གསན་པ་རེད།

    ལུའོ་ཁྲའོ་ཧྥུང་གིས་ནོར་ཁྲལ་དང་དངུལ་རྩའི་ཁོངས་གཏོགས་ཀྱི་ལས་བྱེད་ལས་བཟོ་ཚོས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་ལེགས་སྐྱེས་ཕུལ་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།ཁོང་གིས་ལོ་གསར་པའི་ནང་ནོར་ཁྲལ་དང་དངུལ་རྩའི་ཁོངས་གཏོགས་ཀྱིས་ཀྲུང་དབྱང་དང་ཞིང་ཨུའི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་།བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་གནད་ལ་འཁེལ་བ། ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་དམངས་འཚོའི་བདེ་སྐྱིད་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་བརྟན་ལྷིང་ལ་བརྟེན་ནས་འཕེལ་རྒྱས་འགན་ལེན་བྱེད་དགོས།ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་ནས་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་ཐད་བྱ་ཐབས་དེ་བས་ཏན་ཏིག་དང་བྱས་རྗེས་དེ་བས་ཆེ་བ་འཇོག་དགོས་པའི་བླང་བྱ་གནང་བ་རེད།