ལོ་གསར་གྱི་གུང་གསེང་རིང་བདེ་ཆེན་གྱིས་ཡུལ་སྐོར་བ་ཁྲི་23ལྷག་བསུས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-01-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ལོ་གསར་གྱི་ངལ་གསོའི་ཉིན་གསུམ་རིང་ཁུལ་ཡོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་23.07ལ་སྣེ་ལེན་ཞུས་པ་ཡོད་པ་དང་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་14421.97བྱུང་ཡོད། གཞན་ཡང་ཤེས་རྟོགས་བྱུང་བར་གཞིགས་ན།2024ལོའི་ལོ་གསར་གྱི་གུང་གསེང་རིང་ཁུལ་ཡོངས་ཀྱི་ལྕགས་ལམ་དང་། དམངས་སྤྱོད་མཁའ་འགྲུལ། གཞུང་ལམ་བཅས་སུ་ཁྱོན་འགྲུལ་པ་མི་ཐེངས་37015སྐྱེལ་འདྲེན་བྱས་ཡོད། དེའི་ནང་གཞུང་ལམ་ཐོག་འགྲུལ་པ་མི་ཐེངས་4572དང་ལྕགས་ལམ་ཐོག་འགྲུལ་པ་མི་ཐེངས་29200སྐྱེལ་འདྲེན་བྱས་ཡོད། སེམས་ཀྱི་ཉི་ཟླའི་གནམ་གྲུ་ཐང་དུ་གནམ་གྲུ་ཐེངས་40བཏང་བ་དང་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་3243ཟིན་ཡོད།