ནགས་ཕག་མཚོའི་བྱ་ཁྱུ་ལ་ལྟད་མོ་བལྟ་བར་ཕེབས་རོགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-01-02   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ནགས་ཕག་མཚོ་ནི་ཡུན་ནན་ཞིང་ཆེན་གྱི་འཕྲེད་ཐིག་དམའ་ཞིང་ས་བབ་མཐོ་ཤོས་ཀྱི་ཡུལ་དུ་མཚོན་བྱེད་རང་བཞིན་ལྡན་པའི་མཚེའུ་དང་འདམ་ར་ཞིག་ཡིན་ལ། ས་བབ་མཐོ་བའི་ས་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་གཅིག་སྡུད་ཆེ་བའི་ས་ཁུལ་ཞིག་ཀྱང་ཡིན་པ་མ་ཟད་ཡུན་ནན་གྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་གྲས་ཤིག་ཀྱང་ཡིན།  1984ལོར་ནགས་ཕག་མཚོར་ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་ནས་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་བཙུགས་པ་དང་སྲུང་སྐྱོང་ཁུལ་གྱི་སྤྱིའི་རྒྱ་ཁྱོན་སྤྱི་ཆིང་2400ཟིན་ནས་ཁྲུང་ཁྲུང་སྐེ་ནག་སོགས་རྒྱལ་ཁབ་ཀྱི་རིམ་པ་དང་པོ་དང་གཉིས་པའི་གཙོ་གནད་སྲུང་སྐྱོང་བྱ་ཡུལ་རི་སྐྱེས་སྲོག་ཆགས་མང་པོའི་འཚོ་གནས་གཙོ་བོ་ཞིག་ཏུ་གྱུར་ཡོད།  2004ལོའི་ཟླ་12ཚེས་7ཉིན་ནགས་ཕག་མཚོ་དེ་རྒྱལ་སྤྱིའི་འདམ་ར་གལ་ཆེན་གྱི་མིང་གཞུང་ནང་བཅུག་པ་རེད།  

    ལོ་རེའི་དགུན་ཁར། བྱ་རིགས་ཁྲི་སྟོང་མང་པོ་གྲང་ངར་ཆེ་བའི་བྱང་ཕྱོགས་ནས་ལྷོ་ཕྱོགས་སུ་འཕུར་ཡོང་ནས་དྲོ་སྐྱིད་ལྡན་པའི་ཁྱིམ་གཞིས་འཚོལ་བཞིན་ཡོད། ནགས་ཕག་མཚོ་ནི་གནས་སྤོ་བྱེད་པའི་ལམ་བར་གྱི་ས་ཚིགས་གལ་ཆེན་ཞིག་ཡིན་ལ་རང་རྒྱལ་ལ་མཚོན་ནས་བཤད་ནའང་འདབ་ཆགས་ཀྱི་འཚོ་གནས་བྱེད་ས་གལ་ཆེན་ཞིག་ཀྱང་ཡིན། དགུན་དུས་ཀྱི་ནགས་ཕག་མཚོ་ནི་གདོད་མའི་ནགས་རིས་ཡོངས་སུ་བསྐོར་ཞིང་མཚེའུ་ངོས་སུ་འོད་མདངས་ལམ་ལམ་འཚེར། མཚོ་སྐོར་ལམ་རྒྱུད་དུ་འདབ་ཆགས་ལ་ལྟ་བ་དང་རྟ་ཞོན་པ་སོགས་ཡུལ་སྐོར་རྣམ་གྲངས་མང་པོས་ཡུལ་སྐོར་བ་མི་ཉུང་བ་ཞིག་གི་བློ་ཁ་འགུགས་བཞིན་ཡོད།