མདོ་སྨད་ཐེ་བོ་རོང་གི་གྱོན་གོས་ཀྱི་མཛེས་ཉམས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-01-02   རྩོམ་ཁུངས།    ཀན་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས

   

 ཐེ་བོ་རྫོང་ནི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ལྷོ་རྒྱུད་དུ་ཆགས་ཡོད་ལ། རི་མཐོ་ཞིང་ལུང་ཟབ་པ་དང་། རྩི་ཤིང་སྐྱེས་དངོས་རིགས་སྣ་ཚོགས་ཕུན་སུམ་ཚོགས་པས་རྩི་ཤིང་གི་རྒྱལ་ཁམས་ཞེས་བསྔགས་བརྗོད་ཀྱི་མཚན་ཉིད་བདག་གིར་བཞེས་ཡོད། བཤད་རྒྱུན་ལ་ལུང་བ་རེ་ལ་ཆུ་མགོ་རེ། ས་ཆ་རེ་ལ་སྐད་ལུགས་རེ་ཟེར་བ་བཞིན་གནས་འདིར་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་རྐང་མཐུག་ཅིང་། ཁྱད་དུ་འཕགས་པའི་དམངས་སྲོལ་རིག་གནས་ཕུན་སུམ་ཚོགས་པོ་ཡོད། དེ་བས་ཀྱང་ཡིད་དབང་འཕྲོག་པའི་བོད་མི་རིགས་ཀྱི་གྱོན་གོས་རིག་གནས་ནི་དེའི་ཁྲོད་ཀྱི་འོད་དུ་འཚར་བའི་མུ་ཏིག་རྡོག་གཅིག་ཏུ་བརྩི་ཆོག་གོ