བདེ་ཆེན་ཁུལ་གྱི་བེ་ཤ་བྲིན་ཚོང་བྱེད་ཚད་ཏུན་714.52ཟིན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-12-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཉིན་ཤས་གོང་གསར་འགོད་པས་ཁུལ་ཚོང་དོན་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོ་ཁུལ་ཡོངས་ཀྱི་བེ་ཤ་སོས་པ་བྲིན་ཚོང་བྱེད་ཚད་ཏུན་714.52ཟིན་པའི་ནང་ས་གནས་དེ་གའི་བྲིན་ཚོང་བྱེད་ཚད་ཏུན་465.49ཟིན་པ་དང་ས་ཁོངས་སྒྲོལ་བའི་བེ་ཤ་བྲིན་ཚོང་བྱེད་ཚད་བསྡོམས་འབོར་ཏུན་249.03ཟིན་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་། བདེ་ཆེན་གྱི་བེ་ཤ་སྲོལ་རྒྱུན་གྱི་བྲིན་ཚོང་བྱེད་སྟངས་ཕུད་ད་དུང་ཐད་གཏོང་ཟོག་ཁྱེར་དང་དྲ་ཐོག་ཚོང་ཁང་ནས་བྲིན་ཚོང་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་རྒྱལ་ཁབ་ཕྱི་ནང་དུ་བྲིན་ཚོང་བྱེད་ཀྱི་ཡོད་པ་རེད། གཞན་ཡང་ཧྲུན་ཧྥེང་དང་། སྦྲག་སྲིད། ཀྲུང་ཐུང་སོགས་ཟོག་སྐྱེལ་ཀུང་སིས་གཅིག་རྗེས་གཉིས་མཐུད་ངང་བེ་ཤ་བསྐུར་བའི་ཞབས་ཞུ་བྱེད་ཀྱི་ཡོད་པ་རེད། འདི་ལོ་ཁོ་ནར་བདེ་ཆེན་ཁུལ་གྱིས་བེ་ཤ་ཁྱོན་ཐེངས་36སྐྱེལ་འདྲེན་བྱས་པ་དང་ཟོག་འདྲེན་འཕྲུལ་འཁོར་བརྒྱུད་བེ་ཤ་སོས་པ་ཏུན་337.195བཏང་བ་རེད།


    མིག་སྔའི་བར་རང་ཁུལ་གྱི་བེ་ཤའི་ཐོན་ལས་དང་འབྲེལ་བ་ཡོད་པའི་གཞི་ཁྱོན་ཆེ་བའི་སྣེ་འདྲེན་ཁེ་ལས་ཁྱོན་30ལྷག་ཙམ་ཡོད་པ་དང་། བེ་ཤའི་གཞི་ཁྱོན་ལྡན་པའི་ལས་སྣོན་ཁེ་ལས་7དང་དེ་བཞིན“ཅིའུ་ཨེན”དང“ཡ་པོ”སོགས་བེ་ཤའི་རང་བདག་སྤུས་རྟགས་18ཡོད་པ་རེད།