སེམས་ཀྱི་ཉི་ཟླའི་རྡོ་མཁར་རྫོང་ན་ཡུལ་སྐོར་བ་སྔར་བཞིན་མང་བོ་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-12-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་ཤར་གཏོང་ཐུབ་པ་ནས་བཟུང་རྡོ་མཁར་རྫོང་དུ་ཡུལ་སྐོར་བྱེད་མཁན་ཇེ་མང་དུ་ཕྱིན་ལ། ཡུལ་སྐོར་བ་མི་ཉུང་བ་ཞིག་གིས་ལུས་ལ་བོད་ཆས་སྤྲས་ཏེ་རྡོ་མཁར་རྫོང་དུ་པར་ལེན་བཞིན་འདུག

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྡོ་མཁར་རྫོང་དོ་དམ་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཟླ་11ཚེས་26ཉིན་ནས་ཟླ་12ཚེས་18ཉིན་བར། རྡོ་མཁར་རྫོང་དུ་མི་ཁྱོན་མི་ཐེངས་277158ཟིན་པས། ལོ་གོང་མ་ལས་80%མང་དུ་ཕྱིན་ཡོད་ལ། ཉིན་གཅིག་ནང་མི་མང་ཤོས་མི་ཐེངས་22543ཟིན་གྱི་ཡོད་ཅེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ཆར། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྡོ་མཁར་རྫོང་དོ་དམ་ཨུ་ལྷན་གྱིས་གནའ་གྲོང་གི་མཛེས་བཟོའི་སྒྲིག་བཀོད་ལ་ཞིབ་བཤེར་དང་སྲུང་སྐྱོང་བྱེད་པའི་ལས་དོན་ལ་ཤུགས་སྣོན་རྒྱག་བཞིན་ཡོད་ལ།  དང་བླངས་པ་5བཀོད་སྒྲིག་བྱས་ནས་ཡུལ་སྐོར་བར་སྤུས་ལེགས་དང་བྱམས་མཐུན་ཞབས་ཞུ་རུ་བཅུག་ཅིང་།  བདེ་འཇགས་དང་སྐྱིད་པོ། ཞི་མཐུན་བཅས་ཀྱི་ཡུལ་སྐོར་རྣམ་པ་ཞིག་བཏོད་ཡོད་པ་རེད།