བདེ་ཆེན་ཁུལ་གྱིས་ད་ལོ་ཡུལ་སྐོར་བ་མི་ཐེངས་ཁྲི་2111.64སྣེ་ལེན་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-12-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཉིན་ཤས་གོང་གསར་འགོད་པར་བདེ་ཆེན་ཁུལ་རིག་གནས་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱུང་བར་ཟླ་11པའི་ཟླ་མཇུག་བར་རང་ཁུལ་གྱིས་ད་ལོ་ཡུལ་སྐོར་བ་མི་ཐེངས་ཁྲི་2111.64ལ་སྣེ་ལེན་ཞུས་པ་དེ་ལོ་གོང་མའི་དུས་མཚུངས་ལས་43.79%འཕར་བ་དེའི་ནང་བདེ་ཆེན་ཁུལ་ཡུལ་སྐོར་ཚོགས་པས་ཡུལ་སྐོར་བ་མི་ཐེངས་ཁྲི་445.32ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་2019ལོ་ལས་37.15%འཕར་ཡོད་པ་རེད།

图片


    2023་ལོར་རང་ཁུལ་གྱིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་གཏོང་རྒྱུར་སྐུལ་འདེད་བཏང་ནས་བརྗོད་བྱ་གཙོ་བོའི་རིག་གནས་ཡུལ་སྐོར་བྱེད་སྒོ་ཧུར་ཐག་སྤེལ་བ་དང་། དུས་སྟོན་དང་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་སྤུས་རྟགས་གཏོད་པ། རིག་གནས་ཡུལ་སྐོར་གྱི་ལས་རྣམ་ཐོན་རྫས་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་པ་དང་། འབའ་ལྷག་དཀར་རྫོང་གི“ལྔ་གཅིག་”རོལ་དབྱངས་དུས་ཆེན་དང་། སེམས་ཀྱི་ཉི་ཟླའི་ཕྱི་རོལ་ལུས་རྩལ་ཚོགས་ཆེན། ལྔ་པའི་ཚེས་ལྔའི་རྟ་རྒྱུག་དུས་ཆེན། སྟོན་དུས་རྟ་རྒྱུག་དུས་ཆེན་བཅས་གྲུབ་འབྲས་ཐོབ་པའི་ངང་གཉེར་བ། དགུན་དུས་སེམས་ཀྱི་ཉི་ཟླར་ཡུལ་སྐོར་བྱེད་པ་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་བཏོན་ནས་དྲིལ་བསྒྲགས་ཚོང་གཉེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་འགྲུལ་ཁུངས་འདྲེན་རྒྱུར་དམ་འཛིན་ཡག་པོ་བྱས་པས་ཡུལ་སྐོར་བ་སྣེ་ལེན་བྱེད་ཚད་རྒྱུན་མཐུད་ངང་མང་དུ་ཕྱིན་ཡོད།

图片

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་བདེ་ཆེན་ཁུལ་གྱིས་“དགུན་དུས་སེམས་ཀྱི་ཉི་ཟླར་ཡུལ་སྐོར་བྱེད་པའི”གཟིགས་སྐྱོང་སྲིད་ཇུས་བཏོན་ཚུན་བདེ་ཆེན་ཁུལ་གྱི་མཛེས་ལྗོངས་ཁུལ་ཆེ་གྲས་ཁག་གི་འགྲུལ་པ་རྒྱུག་ཚད་དེ་སྔ་ལོའི་དུས་མཚུངས་ལས་མང་དུ་ཕྱིན་པ་དང་། པོ་ཏ་མཚོ་དང་སྟག་མཆོང་གྲོག་རོང་། ཁ་བ་དཀར་པོ། ཆུ་དཀར་ཆུ་ནག རྡོ་མཁར་རྫོང་སོགས་མཛེས་ལྗོངས་ཁུལ་དུ་དགུན་དུས་ཡུལ་སྐོར་གྱི་“ཚ་རླབས”གཅིག་རྗེས་གཉིས་མཐུད་ངང་འཕྱུར་ཡོད་པ་རེད།

图片