འཇོལ་རྫོང་གིས་བདེ་འཇགས་ཐོན་སྐྱེད་ཀྱི་ཞིབ་བཤེར་ཆེན་པོ་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-12-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་སྔོན།  འཇོལ་རྫོང་སྤྱི་བདེ་ཅུས་ཧྲེང་ཕིང་མངགས་གཏོང་ཁང་དང་། རྫོང་མེ་ཟོན་རུ་ཆེན། རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས།  རྫོང་སྡོད་ཁང་འཛུགས་སྐྲུན་ཅུས་བཅས་ཀྱིས་མཉམ་འབྲེལ་ཐོག་ལོ་མཇུག་དང་ལོ་འགོའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་གི་ཆེད་དོན་བྱ་སྤྱོད་སྤེལ་བ་རེད།

        མཉམ་འབྲེལ་ཞིབ་བཤེར་ཚོ་ཆུང་གིས་རྫོང་ཁུལ་ནང་གི་མི་སྣ་འདུ་འཛོམས་བྱ་ཡུལ་དང་ཁྲོམ་གཞུང་རྒྱུད་ཀྱི་ཚོང་ཁང་དུ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་ཤིང་། ཚོང་ཁང་ནང་སྒྲིག་འགལ་ངང་སྡོད་མཁན་ཡོད་མེད་དང་མེ་ཟོན་ཡོ་བྱད་ཚད་ལོན་ཡོད་མེད་དང་མེ་ཟོན་བགྲོད་ལམ་འགག་ཡོད་མེད་ལ་ལྟ་ཞིབ་བྱས་པ་དང་། ཡུལ་དངོས་ནས་ཐ་མག་ཚོར་སྣང་ཉེན་བརྡ་གཏོང་ཆས་དང་འཕྲལ་སྡོམ་གློག་སྒྲོན་རྒྱུན་གཏན་ལྟར་ལས་ཀ་བྱེད་ཐུབ་མིན་དང་མེ་ཟོན་སྒྲིག་བཀོད་གཏན་འབེབས་ལྟར་བདག་གཅེས་དང་སྲུང་སྐྱོང་བྱེད་ཐུབ་མིན་སོགས་ཚོད་ལྟ་བྱས་པ་རེད། དུས་མཚུངས་སུ་གཉེར་སྐྱོང་བྱེད་གནས་ཀྱི་ལས་སྒྲུབ་མི་སྣ་དང་བྱེས་འགྲོའི་མི་འབོར་ཐོ་འགོད། གནས་སྡོད་ལག་ཁྱེར་བཅས་བསྒྲུབས་ཚུལ་ལ་ཞིབ་བཤེར་བྱས་པ་རེད།  “གནས་ཆུང་དགུ་”ཡི་ལས་ཞུགས་མི་སྣར་དགུན་དུས་མེ་དང་གློག་ཁ་འགྲེམས་སྲོག་ཉེན་ལས་ཐར་ཐབས་ཀྱི་བདེ་འཇགས་རྒྱུན་ཤེས་ཁྱབ་གདལ་བཏང་བ་དང་འབྲེལ་ལོ་མཇུག་དང་ལོ་འགོར་རྐུ་འགོག་དང་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ལ་དོགས་ཟོན་བྱེད་པ། སྲོག་ཉེན་སྔོན་འགོག་ཚོད་འཛིན་བྱེད་པ་དང་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས། བཟའ་བཅའ་དང་སྨན་རྫས་བདེ་འཇགས་དང་དྲ་རྒྱའི་བདེ་འཇགས་སོགས་ཀྱི་ཤེས་བྱ་དྲིལ་བསྒྲགས་ཀྱང་བྱས་པ་རེད།

        ཞིབ་བཤེར་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་ལ་དམིགས་ནས་མཉམ་འབྲེལ་ཞིབ་བཤེར་ཚོ་ཆུང་གིས་ཐོ་འགོད་ཞིབ་ཕྲ་བྱས་པ་དང་འབྲེལ་བདེ་འཇཊ་ཞིབ་བཤེར་གྱི་ཐོ་འགོད་རེའུ་མིག་དང་བཅོས་སྒྲིག་བརྡ་ཐོ་བཏང་ནས་ཞིབ་བཤེར་དང་ལེན་བྱེད་མཁན་ཚན་པ་དང་ལས་ཡུལ་གྱི་འགན་འཁུར་བར་ཞིབ་བཤེར་བྱས་ཚུལ་ཚུར་ལན་བྱས་པ་མ་ཟད།  ཉེན་ཁར་དོ་དམ་ཚོད་འཛིན་དང་བཅོས་སྒྲིག་བྱ་ཐབས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྒོ་རྒྱག་བཅོས་སྒྲིག་གནད་ལ་འཁེལ་བའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། དེའི་རིང་ཁྱོན་“གནས་ཆུང་དགུ་”32ལ་ཞིབ་བཤེར་བྱས་པ་རེད།