2024ལོའི་འབའ་ལུང་རྫོང་གི་“ཁོ་ཧྲི”དུས་ཆེན་དང་འཁྱགས་ཆང་རིག་གནས་དུས་ཆེན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-12-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཟླ12པའི་ཚེས21ཉིན།འབའ་ལུང་ལི་སུའུ་རིགས་རང་སྐྱོང་རྫོང་གི་གང་ས་གང་དུ་དགའ་སྤྲོའི་རྣམ་པས་ཁེངས་ཡོད་པ་དང་། མི་རིགས་ཁག་གི་བུ་ཕྲུག་ཚོས་གླུ་ལེན་གར་འཁྲབ་བྱས་ནས་2024ལོའི་“ཁོ་ཧྲི”དུས་ཆེན་དང་འཁྱགས་ཆང་རིག་གནས་དུས་ཆེན་ལ་མཉམ་དུ་རྟེན་འབྲེལ་ཞུས་པ་རེད།

“ཁོ་ཧྲི”ནི་ལོ་གསར་གྱི་དོན་ཡིན་ཏེ།ལི་སུའུ་རིགས་ཀྱི་“ཁོ་ཧྲི”དུས་ཆེན་ནི་འབའ་ལུང་ལི་སུའུ་རིགས་རང་སྐྱོང་རྫོང་གི་ལོ་གཅིག་དུས་གཅིག་གི་ཆེས་གཟབ་རྒྱས་ཀྱི་སྲོལ་རྒྱུན་མི་རིགས་དུས་ཆེན་ཞིག་ཡིན་པ་རེད།1991ལོའི་ཟླ་8པར་འབའ་ལུང་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་འཆམ་བྱས་པ་བརྒྱུད་ལོ་རེའི་ཟླ་12ཚེས་21ཉིན་ནས་ཚེས་23ཉིན་བར་ནི་“ཁོ་ཧྲི”དུས་ཆེན་དུ་གཏན་འཁེལ་བྱས་པ་རེད།

    ད་ལོར།འབའ་ལུང་རྫོང་གིས་“དུས་ཚིགས་རེར་བརྗོད་བྱ་རེ་ཡོད་པ་དང་ཟླ་བ་རེར་བྱེད་སྒོ་རེ་ཡོད་པའི་”འཕེལ་རྒྱས་ཀྱི་བསམ་ཕྱོགས་གཞིར་བཟུང་“ཁོ་ཧྲི”དུས་ཆེན་དང་འཁྱགས་ཆང་རིག་གནས་དུས་ཆེན་མཉམ་དུ་ཐེངས་དང་པོ་གཉེར་བ་དང་།ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་རྣམ་གྲངས་ཀྱི་སྲོལ་རྒྱུན་དམངས་སྲོལ་དང་དེ་བཞིན་ལི་སུའུ་རིགས་ཀྱི་ལོ་གསར་གྱི་“ཁོ་ཧྲི”་དམངས་སྲོལ་ཉམས་ལེན་དང་།“མངར་ཞིང་ཞིམ་པའི”འཁྱགས་རྒུན་རྟེན་གཞི་དང་དེ་བཞིན་འཁྱགས་ཆང་བཟོ་གྲྭར་ལྟ་སྐོར་དང་ཉམས་ལེན་བྱེད་པ་སོགས་ས་ཁོངས་ཀྱི་ཁྱད་ཆོས་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས།རིག་གནས་ལུས་རྩལ་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་བཏང་བ་རེད།

སྲོལ་རྒྱུན་གྱི་དུས་ཆེན་དགའ་བས་བསུ།

    ཟླ12པའི་ཚེས21ཉིན་གྱི་དགོང་མོར།“ཁོ་ཧྲི”དུས་ཆེན་གྱི་བྱེད་སྒོ་རབ་དང་རིམ་པའི་འགོ་ཚུགས་མཛད་སྒོ་དང་མགྲོན་བསུ་མཚན་ཚོགས་ཐོག་མི་རིགས་ཁག་གི་མང་ཚོགས་ཚོས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ཏེ་མི་རིགས་མཐུན་སྒྲིལ་ཐང་ཆེན་དུ་འཛོམས་ནས་གླུ་ལེན་གར་འཁྲབ་ཀྱིས་ལི་སུའུ་རིགས་ཀྱི་“ཁོ་ཧྲི”དུས་ཆེན་ལ་རྟེན་འབྲེལ་ཞུས་པ་རེད།

     མཚན་ཚོགས་དེ་ལི་སུའུ་རིགས་ཀྱི་ཞབས་བྲོསྨོན་ལམཁྲོད་འགོ་ཚུགས་པ་རེད།ད་ལོའི་ལི་སུའུ་རིགས་ཀྱི་ཁོ་ཧྲིདུས་ཆེན་དང་འཁྱགས་ཆང་རིག་གནས་དུས་ཆེན་གྱི་བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་པོ་ཡོད་དེ།འཁྱགས་ཆང་རིག་གནས་གླེང་སྟེགས་དང་འབའ་ལུང་རྫོང་མི་རིགས་རིག་གནས་བཤམས་སྟོན་ཁང་གི་སྒོ་བྱང་འགེལ་བའི་མཛད་སྒོ།གཞས་པའི་འགྲན་བསྡུར་གྱི་བྱ་དགའ་སྤྲོད་པའི་མཛད་སྒོ་དང་གླུ་གཞས་ཆེད་ཚོགས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཙུགས་པའི་མི་རིགས་ཁག་གི་མང་ཚོགས་སྐོར་སྐྱོད་དྲིལ་བསྒྲགས་སོགས་བྱེད་སྒོས་ཕྱོགས་ཡོངས་ནས་འབའ་ལུང་གི་སྣ་མང་མི་རིགས་རིག་གནས་དང་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་།ས་གནས་ཀྱི་ཁྱད་ལྡན་ཟས་མཆོག་དང་དེ་བཞིན་རྫོང་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཞི་མཐུན་བདེ་སྐྱིད་འཚོ་བའི་མཛེས་ལྗོངས་རི་མོ་མངོན་པར་བྱས་ཡོད།

མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རི་མོ་གསར་པ་འབྲི་བ།

    ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་རྒྱབ་ལྗོངས་འོག་ལི་སུའུ་རིགས་འཕེལ་རྒྱས་དང་ཡར་ཐོན་གྱི་བགྲོ་གླེང་ཚོགས་འདུ་འཚོག་ཡུལ་དུ་ཡུན་ནན་ཞིང་ཆེན་མི་རིགས་སློབ་ཚོགས་དང་ཡུན་ནན་མི་རིགས་སློབ་ཆེན་སོགས་རིགས་གཅིག་མཁས་ཅན་དང་དེ་བཞིན་ཁྲུའུ་ཞུང་ཁུལ་དང་།ཏ་ལི་ཁུལ།ས་དམ་གྲོང་ཁྱེར།པའོ་ཧྲན་གྲོང་ཁྱེར།ནུའུ་ཅང་ཁུལ།བདེ་ཆེན་ཁུལ་ལི་སུའུ་རིགས་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་མིས་“ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་རྒྱབ་ལྗོངས་འོག་ལི་སུའུ་རིགས་འཕེལ་རྒྱས་ཡར་ཐོན་”གྱི་བརྗོད་དོན་གཙོ་བོར་དམིགས་ནས།ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་མི་རིགས་ས་ཁུལ་གྱི་རིག་གནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་འཇོན་མི་གསོ་སྐྱོང་གི་ཕན་འབྲས་ཆེ་རུ་གཏོང་བ་སོགས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་ལ་དཔྱད་བསྡུར་ཧུར་ཐག་ངང་སྤེལ་རེས་བྱས་ཏེ་མི་རིགས་ཡར་ཐོན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཐབས་དང་ཇུས་བཏོན་པ་རེད།

 “ཁོ་ཧྲི”དུས་ཆེན་སྐབས་སུ།འབའ་ལུང་རྫོང་གིས་ད་དུང་མཐའ་མཚམས་མི་རིགས་མང་བའི་ས་ཁུལ་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་གླེང་སྟེགས་གཉེར་བ་རེད།གླེང་སྟེགས་སྟེང་ཞིང་ཆེན་ཕྱི་ནང་ནས་ཡོང་བའི་རིགས་གཅིག་མཁས་ཅན་གྱིས་མཐའ་མཚམས་མི་རིགས་མང་བའི་ས་ཁུལ་ལ་དམིགས་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་སྐོར་དཔྱད་བསྡུར་དང་སྤེལ་རེས་བྱས་པ་དང་།ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་དོན་སྙིང་གལ་ཆེན་རྒྱས་བཤད་བྱས་ཤིང་།སྐྱེ་ཁམས་སྲུང་སྐྱོང་དང་།ཀྲུང་ཧྭའི་ཕུལ་བྱུང་རིག་གནས་རྒྱུན་འཛིན་སྲུང་སྐྱོང་།དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སོགས་སྲུང་ཚད་མང་པོའི་ཐོག་ནས་མཐའ་མཚམས་མི་རིགས་མང་བའི་ས་ཁུལ་ཐུན་མོང་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་ཕྱོགས་སུ་སྐྱོད་པའི་ལག་ལེན་དང་བློ་སྒོ་འབྱེད་པར་དཔྱད་བསྡུར་བྱས་པ་རེད།

སྟོབས་ཤུགས་གཅིག་སྒྲིལ་གྱིས་འཁྱགས་ཆང་ཐོན་ལས་འཕེལ་རྒྱས་གླེང་བ།

    ཟླ12པའི་ཚེས22ཉིན།“བསམ་བློ་གཏོང་སྟངས་གསར་པ་གཏོད་པ་དང་།བྱེད་སྟངས་གསར་པ་འཚོལ་ཞིབ་བྱེད་པ།ཆགས་སྟངས་གསར་པ་གཏོད་པ”བཅས་བརྗོད་དོན་གཙོ་བོར་བྱས་པའི་2023་ལོའི་སེམས་ཀྱི་ཉི་ཟླ་འཁྱགས་ཆང་རིག་གནས་དུས་ཆེན་སྐབས་བཞི་པ་འབའ་ལུང་རྫོང་དུ་འཚོགས་པ་རེད།འཁྱགས་ཆང་རིག་གནས་གླེང་སྟེགས་དེ་འཁྱགས་ཆང་རིག་གནས་དུས་ཆེན་གྱི་བྱེད་སྒོ་གལ་ཆེན་གྱི་གྲས་ཤིག་ཡིན་པའི་ངོས་ནས་ལས་རིགས་ནང་ཁུལ་གྱི་རིགས་གཅིག་མཁས་ཅན་དང་མཉམ་ལས་རོགས་ཟླ། དེ་བཞིན་ས་གནས་ཁག་གི་“དགའ་མོས་བྱེད་མཁན་”མང་པོ་གཅིག་སྡུད་བྱས་ཏེ་རྒྱུན་རྣམ་གསར་པའི་འོག་འབའ་ལུང་གི་འཁྱགས་ཆང་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུར་ཐུན་མོང་ཐོག་དཔྱད་བསྡུར་བྱས་པ་རེད།《འབའ་ལུང་འཁྱགས་ཆང་གི་ཡུལ་སྲོལ་ཁྱད་ཆོས་དང་ཐོན་ལས་འཕེལ་རྒྱས་ཀྱི་གྲོས་འགོ》《འབའ་ལུང་འཁྱགས་ཆང་བཟོ་རྩལ་ལེགས་བཅོས་ཐབས་ལམ་དང་གྲོས་འགོ》《འབའ་ལུང་འཁྱགས་ཆང་ཐོན་ལས་འཕེལ་རྒྱས་ཀྱི་ལེགས་ཆ་དང་མདུན་ལམ་ལ་རྒྱང་ལྟ་བྱེད་པ་》གླེང་སྟེགས་ཀྱི་ལས་ཡུལ་དངོས་སུ།ལམ་ཁག་གི་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་གཅིག་རྗེས་གཉིས་མཐུད་ངང་བརྗོད་དོན་གཙོ་བོའི་གཏམ་བཤད་སྤེལ་བ་དང་ཐབས་དང་ཇུས་ཧུར་ཐག་བཏོན་ནས་ཞིབ་འཇུག་གི་གྲུབ་འབྲས་དང་གསར་གཏོད་ཀྱི་བསམ་ཕྱོགས། ལག་ལེན་གྱི་ཉམས་མྱོང་མཉམ་སྤྱོད་བྱས་ཏེ་འབའ་ལུང་འཁྱགས་ཆང་ཐོན་ལས་འཕེལ་རྒྱས་དང་དེ་བཞིན་སྤུས་རྟགས་ལེགས་སུ་གཏོང་ཆེད་རྩ་བརྟག་སྨན་བཅོས་དང་ནོར་བུ་བརྒྱུད་སྤྲོད་བྱས་པ་རེད།

འཕགས་པ་ལྷ་འཁྱགས་ཆང་བཟོ་གྲྭར་སྐུ་མགྲོན་ཚོས་རྒུན་འབྲུམ་ལྡུམ་རར་ཕེབས་ནས་རྒུན་འབྲུམ་གཏོགས་པ་དང་སྙོལ་བཟོའི་འཁོར་ཁང་ལ་གཟིགས་སྐོར་གནང་བ། སྙོལ་བཟོའི་བཟོ་རྩལ་མཁྱེན་རྟོགས་གནང་ནས་སོགས་བྱས་ནས་ཚང་མས་འབའ་ལུང་གི་ཡུལ་ལྗོངས་དང་མི་ཆོས།ཞིམ་མངར་འཁྱགས་ཆང་ལ་བསྟོད་པ་ཡང་ཡང་བྱས་པ་རེད།

བློ་སེམས་གཅིག་མཐུན་གྱིས་རྒྱུན་འཛིན་སྲུང་སྐྱོང་གི་ལེའུ་གསར་པ་མཉམ་དུ་རྩོམ་པ།

    ཟླ12པའི་ཚེས23ཉིན་གྱི་སྔ་དྲོར།རྔ་དང་འཁར་རྔའི་སྒྲའི་ཁྲོད་སྐོར་གཡེང་རུ་ཁག་གིས་གཙང་གསུམ་རྩི་ཤིང་གླིང་ནས་དལ་བུར་ཐོན་པ་དང་།དེ་རྗེས་ཨ་ཁྲི་མུའུ་ཀྭ་ལི་སུའུ་རིགས་ཀྱི་རུ་ཁག་དང་མཐའ་ཆུ་རས་པའི་བོད་རིགས་ཀྱི་རུ་ཁག འཇང་རིགས་ཀྱི་གླུ་གཞས་ལེན་པའི་འཇང་རིགས་རུ་ཁག་སོགས་རེ་རེ་བཞིན་གར་སྟེགས་ཐོག་བུད་ནས།གླུ་ལེན་གར་འཁྲབ་ཁྲོད་འབའ་ལུང་གི་ཕུན་སུམ་ཚོགས་པའི་དམངས་ཁྲོད་སྒྱུ་རྩལ་དང་མི་རིགས་ཀྱི་ཁྱད་ཆོས་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད།སྐོར་གཡེང་མཇུག་འགྲིལ་རྗེས་གསོལ་སྟོན་རིང་པོ་དེ་མ་ཉིད་དུ་འགོ་ཚུགས་པ་དང་ལི་སུའུ་རིགས་ཀྱི་ས་གནས་ཁྱད་ཆོས་ལྡན་པའི་ཟས་མཆོག་གིས་མགྲོན་པོར་ལྕེ་ཐོག་གི་གསོལ་སྟོན་གཟབ་རྒྱས་ལོངས་སུ་སྤྱོད་དུ་བཅུག

    ཉེ་བའི་ལོ་ཤས་རིང་འབའ་ལུང་རྫོང་གིས་བྱེད་སྒོའི་གཞི་རྟེན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་ནས་རྫོང་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་མི་རིགས་མཐུན་སྒྲིལ་གྱི་གསོན་ཤུགས་འཕེལ་བ་བྱས་ཡོད།མངོན་མིན་རིག་གནས་ཤུལ་བཞག་སློབ་གྲྭ་དང་སྡེ་ཁུལ་དུ་སྤེལ་བ་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད་མི་རིགས་ཁག་གི་མང་ཚོགས་ཀྱི་གོང་བུ་འགྲིལ་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་མི་རིགས་ཁག་གི་མང་ཚོགས་ཀྱིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་།ཐུན་མོང་ཐོག་དར་རྒྱས་གོང་འཕེལ།ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བཅས་བྱེད་པའི་ནང་སྐྱེས་སྒུལ་ཤུགས་སྐུལ་སློང་བྱས་པ་རེད།

ཁུལ་གླུ་གར་ཚོགས་པའི་འཁྲབ་སྟོན་པ་རྣམས་ཀྱིས་ཀྭ་ཁྲིན་སའཁྲབ་བཞིན་པ།

ལི་སུའུ་རིགས་ཀྱི་བུ་དང་བུ་མོས་མཉམ་དུཝ་ཆི་ཆིཞེས་པའི་གླུ་དབྱངས་ལེན་བཞིན་པ།

“ཁོ་ཧྲི”དུས་ཆེན་གྱི་བྱེད་སྒོའི་ནང་ཞུགས་མཁན་འབའ་ལུང་རྫོང་མི་རིགས་སློབ་ཆུང་གི་སློབ་མ།

“སེམས་མཐུན་བུམ་པ”ཞིང་ཆེན་ཡོངས་ཀྱི་ལི་སུའུ་རིགས་ས་ཁུལ་གྱི་འཕྲུལ་གཞུ་འགྲན་བསྡུར་ནང་ཞུགས་མཁན་བུད་མེད་བདམས་ཐོན་པ།