རང་ཁུལ་གྱིས་རྒྱལ་ཁབ་ནུས་རྒྱུ་ཚོགས་པ་འབྲི་ཆུའི་ཡན་ལག་ཀུང་སི་དང་བཞུགས་མོལ་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-12-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ་12པའི་ཚེས་27ཉིན།རང་ཁུལ་གྱིས་རྒྱལ་ཁབ་ནུས་རྒྱུ་ཚོགས་པ་འབྲི་ཆུའི་ཡན་ལག་ཀུང་སི་དང་བཞུགས་མོལ་གནང་ཞིང་། ཕྱོགས་གཉིས་པོས་ནུས་རྒྱུ་གསར་པ་དང་ཆུ་གློག་གསར་སྤེལ་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏོང་རྒྱུའི་ཐད་སྤེལ་རེས་དང་བཞུགས་མོལ་གཏིང་ཟབ་གནང་བ་རེད།

    ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥུང་དང་རྒྱལ་ཁབ་ནུས་རྒྱུ་ཚོགས་པ་འབྲི་ཆུའི་ཡན་ལག་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི།ལག་བསྟར་ལས་འཛིན་པ་དབྱང་རུང་། རྒྱལ་ཁབ་ནུས་རྒྱུ་ཚོགས་པ་འབྲི་ཆུའི་ཡན་ལག་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ།སྤྱི་ཁྱབ་ཅིང་ལི། ཞུས་ལུང་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི་གཅིག་ལྕོགས་ཏུང་ཧྲི་ཀྲང་ཤའོ་ཕེ་ཝུའེ་བཞུགས་མོལ་ནང་ཞུགས་ཡོད་པ་རེད།

    ལུའོ་ཁྲའོ་ཧྥུང་གིས་ལྗང་མདོག་ནུས་རྒྱུའི་ཐོན་ལས་ནི་བདེ་ཆེན་ཁུལ་གྱི་གཙོ་ཁྲིད་ཐོན་ལས་ཆེན་པོ་བཞིའི་གྲས་ཤིག་ཡིན་པས་བདེ་ཆེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དོན་སྙིང་གལ་ཆེན་ལྡན་ཡོད།ཉེ་བའི་ལོ་ཤས་རིང་། རང་ཁུལ་གྱིས་རྒྱལ་ཁབ་ཀྱིས་“ཐཱན་གཉིས”འཐབ་ཇུས་ལག་བསྟར་དང་།ཞིང་ཆེན་ཡོངས་ཀྱིས་འཛམ་གླིང་གི་“ལྗང་མདོག་ནུས་ཁུངས་”རྩེ་གྲ་གཏོད་པ་སོགས་ཀྱི་སྲིད་ཇུས་གལ་ཆེན་གྱི་གོ་སྐབས་དམ་འཛིན་བྱས་ཏེ།ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་ཀྱིས་ཕུན་སུམ་ཚོགས་པའི་ཆུ་ནུས་དང་ཉི་ནུས་སོགས་ལེགས་ཆའི་ཐོན་ཁུངས་ལ་གཞི་ཚུགས་ནས་“ཆུ་གློག་ལེགས་གྲས་དང་འོད་ཤུགས་རྒྱ་ཆེར་གཏོང་བའི”བསམ་ཕྱོགས་གཞིར་བཟུང་ཁུལ་ཡོངས་ཀྱི་ཆུ་གློག་དང་འོད་ཤུགས་སོགས་ནུས་རྒྱུའི་རྣམ་གྲངས་འཛུགས་སྐྲུན་ལ་སྤྱི་འདོམས་ཇུས་འགོད་དང་སྐུལ་འདེད་མགྱོགས་སུ་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལྗང་མདོག་ནང་དོན་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས།ཁོང་གིས་ནུས་རྒྱུ་གསར་པ་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ་དེ་བདེ་ཆེན་གྱི་དོན་དངོས་དང་འཕེལ་རྒྱས་ཀྱི་འཆར་འགོད་དང་མཐུན་ཡོད།མིག་སྔར་ཕྱོགས་གཉིས་པོས་མཉམ་ལས་བྱས་པའི་འབྲི་ཆུའི་ཞོལ་ལུང་ཆུ་ཤུགས་གློག་ཁང་དང་འབྲི་ཆུའི་ཀོང་རྩེད་རའི་ཆུ་ཤུགས་གློག་ཁང་གི་རྣམ་གྲངས་ཚང་མ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་དང་།བདེ་ཆེན་ཁུལ་གྱིས་རྒྱལ་ཁབ་དང་ཞིང་ཆེན་གྱི་ནུས་རྒྱུའི་འཐབ་ཇུས་འཆར་འགོད་ལ་བརྩི་སྲུང་དང་ཞབས་འདེགས་མཐའ་གཅིག་ཏུ་ཞུས་ནས་ནུས་ཤུགས་ཡོད་རྒུས་ཁེ་ལས་ལ་རྒྱབ་སྐྱོར་དང་ཞབས་འདེགས་ཡག་པོ་ཞུ་རྒྱུ་ཡིན་པས།ཀུང་སིས་བདེ་ཆེན་ཁུལ་གྱི་གནས་ཚུལ་དངོས་ལ་བསམ་གཞིག་གང་ལེགས་བྱས་ནས་ནུས་པ་འདོན་སྤེལ་ཧུར་ཐག་བྱ་རྒྱུའི་རེ་བ་ཡོད་ལ།མཉམ་ལས་རྣམ་གྲངས་ཀྱི་གོམ་སྟབས་མགྱོགས་སུ་གཏོང་བ་དང་ཐུན་མོང་ཐོག་རང་ཁུལ་གྱི་ལེགས་ཆའི་ཐོན་ཁུངས་གསར་སྤེལ་ཡག་པོ་བྱེད་པའི་ཐད་སྟོབས་ཤུགས་གསོག་འཇོག་དང་སྒུལ་ཤུགས་བསྣན་ནས་དངོས་སྒྲུབ་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་དང་ལག་གདང་སྦྲེལ་ནས་འཕེལ་རྒྱས་མཉམ་ཁེ་ཡོང་བ་བྱེད་དགོས་ཅེས་བསྟན་པ་རེད།

    དབྱང་རུང་གིས་བདེ་ཆེན་ཁུལ་ཨུ་དང་ཁུལ་སྲིད་གཞུང་།རིམ་པ་ཁག་དང་སྡེ་ཚན་ཁག་གི་ཤུགས་ཆེའི་རྒྱབ་སྐྱོར་འོག་2023ལོར་འབྲི་ཆུའི་ཞོལ་ལུང་ཆུ་ཤུགས་གློག་ཁང་གིས་གཙང་པོ་ཆེན་པོའི་བཞུར་རྒྱུན་གཅོད་རྒྱུ་སྔ་སྣུར་དུ་མངོན་འགྱུར་བྱུང་བ་དང་ཀོང་རྩེད་ར་ཆུ་ཤུགས་གློག་ཁང་གི་དུས་འགོའི་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱས་ཡོད།2024ལོར་ཀུང་སིས་ཀྲུང་དབྱང་ཁེ་ལས་ཀྱི་འགན་འཁྲི་མུ་མཐུད་ལག་བསྟར་ནན་ཏན་བྱས་ཏེ་བདེ་ཆེན་དང་འབྲེལ་གཏུག་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་ཞོལ་ལུང་ཆུ་ཤུགས་གློག་ཁང་གི་གཙོ་གཟུགས་ལས་གྲྭར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས་ཞོལ་ལུང་ཆུ་ཤུགས་གློག་ཁང་དེ་བདེ་འཇགས་དང་།ཁོར་ཡུག་སྲུང་སྐྱོང་།ཆུ་སྲུང་།ཚན་རྩལ་གསར་གཏོད་སོགས་ཐད་ཀྱི་དཔེ་སྟོན་ལས་གྲྭ་འཛུགས་སྐྲུན་བྱ་དགོས།ཀོང་རྩེད་ར་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་གྱི་དུས་འགོའི་འབྲེལ་ཡོད་ལས་དོན་ལ་ཁྲིམས་དང་སྒྲིག་སྲོལ་ལྟར་སྐུལ་འདེད་བཏང་ནས་འབྲི་ཆུའི་སྟོད་རྒྱུད་ཀྱི་སི་ཁྲོན་དང་ཡུན་ནན་དུམ་བུའི་གཞི་གཅིག་ཅན་གྱི་རྟེན་གཞིར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་ཆན་ཝ་ཁྲི་སྟོང་རིམ་པའི་འབྲི་ཆུའི་སྟོད་རྒྱུད་ཀྱི་རྒྱལ་ཁབ་རིམ་པའི་དྭངས་གཙང་ནུས་རྒྱུའི་རྟེན་གཞི་གཏོད་དགོས་ཞེས་བསྟན་པ་རེད།

    ཁུལ་གྱི་འགོ་ཁྲིད་ཁྲེན་ཆོན་དང་ཞུས་ཀོང་ཏེ། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་བཞུགས་མོལ་དུ་ཞུགས་པ་རེད།