འཇོལ་རྫོང་ཀོང་རྩེད་ར་གྲོང་རྡལ་ཐོབ་ཐང་གྲོང་གི་སྤྲོ་སྐྱིད་ལྡན་པའི་ལས་དོན་གྱིས་ཞིང་པར་འབབ་འཕར་ཡོང་རྒྱུར་རོགས་རམ་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-12-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        འཇོལ་རྫོང་ཀོང་རྩེད་ར་གྲོང་རྡལ་ཐོབ་ཐང་གྲོང་ནི་འབྲི་ཆུའི་འགྲམ་དུ་གནས་ཡོད་པ་དང་།  ཉེ་བའི་ལོ་ཤས་རིང་།  འཇོལ་རྫོང་ཀོང་རྩེད་ར་གྲོང་རྡལ་ཐོབ་ཐང་གྲོང་གི་གྲོང་མིས་ཐུན་མོང་མ་ཡིན་པའི་སྣོད་བཅུད་ཀྱི་ལེགས་ཆར་བརྟེན་ནས་སྦྲང་མ་གསོ་ཚགས་འཕེལ་རྒྱས་བཏང་བས་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་བདེ་སྐྱིད་ལྡན་པར་གྱུར་ཡོད།

        2021ལོའི་ཟླ9པར། ཐོབ་ཐང་གྲོང་གི་གྲོང་མི་བཀྲ་ཤིས་ཚེ་རིང་གིས་འཇོལ་རྫོང་ལུའོ་ནན་ཡོན་སྣོད་བཅུད་ཞིང་པའི་ཆེད་ལས་མཉམ་ལས་ཁང་ཐོ་འགོད་བྱས་ནས་བཙུགས་པ་དང་ཐོབ་ཐང་གྲོང་གི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་2300ཡོད་པའི་ནགས་རིའི་ཁྲོད་སྦྲང་མ་གསོ་ཚགས་རྟེན་གཞི་བཙུགས་པ་དང་གྲོང་ཚོ་དེའི་གྲོང་གསར་གྲོང་མིའི་ཚོ་ཆུང་གི་གྲོང་མི་དུད་ཚང15སྦྲང་མ་གསོ་ཚགས་ནང་ཞུགས་ཡོད་པས་ཐོབ་ཐང་གྲོང་གི་སྤྲོ་སྐྱིད་ལྡན་པའི་ལས་དོན་ཞིག་འདི་ནས་འཕེལ་རྒྱས་བྱུང་བ་རེད།

        2022ལོར། མཉམ་ལས་ཁང་དེས་གསོ་ཚགས་ལག་རྩལ་གསར་དུ་བཏང་བ་དང་གསོ་ཚགས་གཞི་ཁྱོན་ཆེ་རུ་བཏང་བ་མ་ཟད། ཧྲེན་ཀྲེན་ཧྲིང་ཡོན་བདེ་ཐང་ཐོན་ལས་ཚད་ཡོད་ཀུང་སི་དང་ཞིང་ལས་ལ་རོགས་སྐྱོར་བྱེད་པའི་འཐབ་ཇུས་མཉམ་ལས་གྲོས་མཐུན་བཞག་པ་དང་། རི་ཁུག་ནས་ཡོང་བའི་གདོད་མའི་སྣོད་བཅུད་སྦྲང་རྩི་དེ་ནས་བཟུང་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་འཚོང་གི་ཡོད་པ་དང་གྲོང་གསར་གྲོང་མིའི་ཚོ་ཆུང་གིས་སྦྲང་མ་གསོ་ཚགས་ཁོ་ནར་བརྟེན་ནས་ལོ་རེའི་ཡོང་འབབ་སྒོར་ཁྲི་17བྱུང་ཡོད།

        དཔལ་འབྱོར་ཕན་ནུས་ནི་གྲོང་མིས་ཐོན་ལས་འཕེལ་རྒྱས་གཏོང་བའི་སྒུལ་ཤུཊ་གནས་ས་ཡིན།  ད་ལོར། མཉམ་ལས་ཁང་དེས་སླར་ཡང་སྦྲང་མ་གསོ་ཚགས་རྟེན་གཞི1གསར་སྣོན་བྱས་པ། གྲོང་པ་དེའི་བར་ཞིང་དང་ཧ་གར། ཕྱུག་སྒང་སོགས་གྲོང་མི་ཚོ་ཆུང་གི་གྲོང་མི་སྦྲང་མ་གསོ་ཚགས་ནང་ཧུར་ཐག་ཞུཊ་པས་གསོ་ཚགས་དུད་ཚང་40རུ་ཟིན་ཡོད།  མཉམ་ལས་ཁང་དེས་སྔ་རྗེས་སུ་ཡུན་ནན་ཞིང་ལས་སློབ་ཆེན་དང་ཀྲུང་གོའི་སྦྲང་མ་གསོ་བའི་སློབ་ཚོཊ་ཀྱི་ཆེད་ལས་མཁས་པ་གདན་དྲངས་ནས་རྟེན་གཞིར་ཚན་རིག་ཅན་གྱི་གསོ་སྤེལ་གསོ་སྦྱོང་ཁྲིད་སྟོན་བྱས་པ།  དུས་མཚུངས་སུ། གྲོང་པ་ནང་ད་དུང་མ་དངུལ་སྒོར་ཁྲི་90བཏང་ནས་སྦྲང་མ་གསོ་ཚཊ་ར་བ་དང་སྦྲང་མ་ལས་སྣོན་བཟོ་ཁང་བཙུགས་ཏེ་བཙོ་སྦྱང་དང་ཉར་ཚགས་ཐུམ་སྒྲིལ་བཅས་ཀྱི་དངོས་ཟོག་གཏོང་བའི་ལག་རྩལ་མཐོ་རུ་བཏང་ནས་སྦྲང་རྩིའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་བ་རེད།

        ད་ལོའི་ཟླ11པར། མཉམ་ལས་ཁང་དེས་“ཡོ་རོབ་མནའ་འབྲེལ་གྱི་སྐྱེ་ལྡན་སྦྲང་རྩི་”ཁས་ལེན་དཔང་འདོན་བྱས་པ་བརྒྱུད་ཧྲེན་ཀྲེན་དང་ཧྲང་ཧའེ། ཀོང་ཀྲོའུ་སོགས་གྲོང་ཁྱེར་ཆེ་གྲས་ཁག་ནས་ཡོང་བའི་འཛད་སྤྱོད་པ་50ལྷག་གིས་རང་ཉིད་ཀྱི་སྦྲང་སྒམ་ངོས་འཛིན་རྩིས་ལེན་བྱས་པ་དང་། “སྦྲང་མ་སྒམ་གཅིག་ཁས་ལེན་”གྱི་ཕྱིར་འཚོང་བྱེད་སྟངས་ལ་འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།

        བར་ཞིང་གྲོང་མི་ཚོ་ཆུང་གིས་ཝུའུ་སན་ནི་ད་ལོར་མཉམ་ལས་ཁང་དུ་ཞུགས་པའི་གསོ་ཚགས་དུད་ཚང་ཡིན་ལ།  སྦྲང་མ་སྒམ་30ལྷག་ལས་སྦྲང་རྩི་རྒྱ་མ་100ཙམ་ཐོན་ཡོད།  ད་ཆ་ཁོང་གིས་མཉམ་ལས་ཁང་ལ་རེ་ཞུ་བྱས་ཟིན་པ་དང་ལོ་རྗེས་མར་སྦྲང་སྒམ་20མང་དུ་གཏོང་རྒྱུ་ཡིན་པ་རེད།  ཝུའུ་སན་གྱིས་མཉམ་ལས་ཁང་དུ་ཞུགས་ན་ང་ཚོས་སྦྲང་མ་ཡག་པོ་གསོ་རྒྱུའི་འགན་འཁུར་དགོས་པ་ལས་ཚོང་ལམ་ལ་སེམས་ཁྲལ་བྱེད་མི་དགོས། དུས་ཐུང་ནང་དངོས་དངོས་རྗེན་རྗེན་གྱི་དཔལ་འབྱོར་ཕན་འབྲས་ཐོན་ཡོད་ཅེས་བཤད།

        ད་ལོའི་སྦྲང་རྩི་ཚང་མ་བརྔ་བསྡུ་བྱས་ཟིན་པ་དང་སྦྲང་རྩིའི་སྤྱིའི་ཐོན་ཚད་རྒྱ་མ་4000ཟིན་ནས་སྔོན་དཔག་བྱས་ན་ཐོན་རྫས་རིན་ཐང་སྒོར་ཁྲི་20ཟིན་རྒྱུ་རེད་ཅེས་བཀྲ་ཤིས་ཚེ་རིང་གིས་དགའ་སྤྲོའི་ངང་བཤད།

        གོམ་སྟབས་རྗེས་མའི་འཕེལ་རྒྱས་འཆར་འགོད་སྐོར་གླེང་སྐབས།  བཀྲ་ཤིས་ཚེ་རིང་གིས་མཉམ་ལས་ཁང་གིས་མུ་མཐུད་ནས་གསོ་ཚགས་གཞི་ཁྱོན་རྒྱ་བསྐྱེད་རྒྱུ་ཡིན་པ་དང་། ཧུར་ཐག་སྒོས་ས་མཐོའི་སྦྲང་མ་གསོ་ཚགས་ཐོན་ལས་འཕེལ་རྒྱས་བཏང་ནས་གྲོང་མིའི་འབབ་འཕར་ཕྱུག་འགྱུར་ལ་རྒྱུན་མཐུད་ངང་སྐུལ་ཁྲིད་བྱ་རྒྱུ་ཡིན་པ་བསྟན།