སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ནུས་ཤུགས་ཡོད་རྒུས་རིག་གནས་དམངས་ཕན་འདུ་འགོད་ལ་སྐུལ་འདེད་གཏོང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-12-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ད་ལོ་ནས་བཟུང་།  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་སྤྱི་པའི་རིག་གནས་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟེ་ཞབས་ཞུའི་གཞི་རྟེན་ཕུན་སུམ་ཚོགས་སུ་གཏོང་བ་དང་ཞབས་ཞུའི་བར་མཐོངས་རྒྱ་ཆེར་གཏོང་བ་དང་ཞབས་ཞུའི་རྣམ་པ་གསར་གཏོད་བྱེད་པ་དང་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཀྱི་བྱ་ཐབས་བརྒྱུད་རིག་གནས་དམངས་ཕན་འདུ་འགོད་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་མི་དམངས་མང་ཚོགས་ལ་རིག་གནས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱས་པ་རེད།

        རིག་གནས་དམངས་ཕན་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་བ།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་"ང་ཚོའི་དུས་ཆེན·སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཟློས་གར་གྲོང་གསེབ་ཏུ་སྤེལ་བའི་རིག་གནས་དམངས་ཕན་ལག་ལེན་བྱེད་སྒོ་"སྤེལ་ནས་སློབ་གྲྭ་དང་ཤང་(གྲོང་རྡལ)། གྲོང་ཚོ་དང་ཚོགས་ཆུང་བཅས་སུ་མང་ཚོགས་ལ་འཁྲབ་སྟོན་ཐེངས40ལྷག་ཙམ་བྱས་པས་མང་ཚོགས་མི་ཐེངས་ཁྲི3ལྷག་ཙམ་ལ་ཕན་པ་ཐོབ་ཡོད།  ད་དུང་བོད་ཀྱི་ལོ་གསར་དང་། ལྔ་པའི་ཚེས་ལྔའི་རྟ་རྒྱུག་དུས་ཆེན། འབའ་ལྷག་དཀར་རྫོང་རོལ་དབྱངས་དུས་ཆེན། ཧ་པ་གངས་རིའི་དུས་ཆེན་སོགས་ཁྱད་ལྡན་རིག་གནས་བྱེད་སྒོ20ལྷག་ཙམ་སྤེལ་བ། ཁུལ་རིག་གནས་དང་ཡུལ་སྐོར་ཅུས་ལ་གཞོགས་འདེགས་བྱས་ནས་སྐབས་དང་པོའི་འཛམ་གླིང་གི་"སེམས་ཀྱི་ཉི་ཟླའི་"རིག་གནས་ཡུལ་སྐོར་དུས་ཆེན་གཉེར་བས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མང་པོ་སེམས་ཀྱི་ཉི་ཟླར་ཡུལ་སྐོར་དུ་ཡོང་རྒྱུའི་ཡིད་དབང་བཀུག་ཡོད།

        སྤྱི་པའི་རིག་གནས་ཞབས་ཞུའི་འགན་ནུས་འདོན་སྤེལ་བྱས་པ།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཐོན་ཁུངས་བསྡུ་སྒྲིལ་ནུས་ལྡན་བྱས་ཏེ་དཔེ་མཛོད་ཁང་ཡན་ལག་ཁང་9གསར་སྐྲུན་བྱས་པ་དང་འབྲེལ་དཔེ་དེབ་13500སྡེབ་སྐྱེལ་བྱས་ནས་ཤང་གྲོང་11གི་ཡན་ལག་ཁང་གི་རྒྱུན་གཏན་གྱི་དོ་དམ་དང་ཞབས་ཞུ་ཚད་ལྡན་དུ་བཏང་བ་རེད། ཟླ་9པའི་ཟླ་མཇུག་བར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དཔེ་མཛོད་ཁང་གི་སྐད་འཕྲིན་སྤྱི་རྟགས་ཀྱིས་ཐོན་ཁུངས་ཁྱབ་གདལ་གཏོང་བའི་རྣམ་པའི་ཐོག་ནས་ཀློག་པ་པོར་སྤུས་ལེགས་དུས་དེབ་དང་། དཔེ་དེབ། སྒྲ་ལྡན་དཔེ་ཉན་སོགས་གྲངས་ཀའི་ཐོན་ཁུངས་136འོས་སྦྱོར་བྱས་ཡོད།  གཞན་ཡང་ད་དུང་"ང་ཚོའི་ཀྲུང་གོའི་ཕུགས་འདུན་—རིག་གནས་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་པ་"ཞེས་པའི་གནམ་ལོ་གསར་ཚེས་ཀྱི་རྒྱལ་ཁབ་རིག་གནས་ཤེས་བྱའི་འགྲན་རྩོད་ལན་འདེབས་དང་། སྙན་ངག་ཧྭ་ཞར་ཉར་ཚགས་བྱས། ཐ་སྙད་གནའ་དེང་གཉིས་སུ་ཁྱབ་ཅེས་པའི་དྲ་ཐོག་སྙན་ཚིག་ཚོགས་ཆེན་གྱི་དྲིས་ལན་འདེབས་པ། "དཔེ་ཆའི་དྲི་ཞིམ་རིག་གནས་དང་ཡུལ་སྐོར་ལ་འཐུས་"སོགས་བྱེད་སྒོ་སྣ་ཚོགས་སྤེལ་ནས་རིག་གནས་དམངས་ཕན་ལས་དོན་གྱི་ཕན་འབྲས་ཆེ་རུ་ཏན་ཏིག་བཏང་ཡོད།