རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-12-27   རྩོམ་ཁུངས།    མཚོ་སྔོན་ཉིན་རེའི་ཚགས་པར།
གོང་གི་གློག་བརྙན་གྱི་ཚབ་བྱེད་མི་སྣ་དག་གིས་འཁྲབ་ཁྲིད་པ་ཁོང་གི་ཚབ་བྱས་ཏེ་རེབ་འདིའི་འཁྲབ་ཁྲིད་པ་རྩེ་གྲའི་གཟེངས་རྟགས་བླངས་ཤིང་། ཡུལ་དངོས་ཀྱི་ལྟ་མཁན་དང་ལྷན་དུ“འཁྲབ་ཁྲིད་ཁོང་ནས་གཏམ་རྒྱུད་ཕྱེད་ཙམ་ལས་བཤད་མ་ཚར་ཡང་། བཤད་ཟིན་པའི་གཏམ་རྒྱུད་ཀྱི་ཁྲག་རྒྱུན་ནི་སྔར་བཞིན་མུ་ནས་མུ་རུ་འཕྱུར་བའི་ཡིད་ཆེས་ཡོད”ཅེས་པའི་གཏམ་བཤད་བྱས་ནས་འཁྲབ་ཁྲིད་པ་ཁོང་ལ་གདུང་བའི་མྱ་ངན་ཞུས།
བོད་ཀྱི་གློག་བརྙན《གསའ》ཝེ་ནེ་སི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་བརྒྱད་ཅུ་པ་དང་། ཁྲོ་རོན་ཁྲོ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་ཞེ་བརྒྱད་པར་ཞུགས་པ་ལས་གཞན། ཏུང་ཅིན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་སོ་དྲུག་པར་ཞུགས་ནས་གློག་བརྙན་རྩེ་གྲའི་གཟེངས་རྟགས་བླངས་རྗེས། ཡང་བསྐྱར་གློག་བརྙན་དུས་ཆེན་འདིར་ཞུགས་ནས་རྒྱལ་ནང་གི་གཟིགས་འབུལ་ཐོག་མ་བྱས།
གློག་བརྙན་འདི་ནི་པེ་ཅིན་ནན་ཅི་གློག་བརྙན་ལས་རིགས་ཚད་ཡོད་ཀུང་ཟི་དང་། པེ་ཅིང་རིག་ལའེ་ཁའེ་ཁྲང་རིག་གནས་སྨྱན་སྦྱོར་ཀུང་ཟི། མཚོ་སྔོན་མ་ཎི་རྡོ་འབུམ་གློག་བརྙན་ལས་རིགས་ཚད་ཡོད་ཀུང་ཟི། ཧྲིན་ཀྲིན་མཛོ་སྣ་གློག་བརྙན་ལས་རིགས་ཚད་ཡོད་ཀུང་ཟི། ཨེ་ཆིས་དབྱི་གློག་བརྙན་ལས་རིགས་པེ་ཅིན་ཀུང་ཟི། པེ་ཅིན་ཝུན་ཐིག་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་ཟི། ཧང་ཀྲོའུ་ཧའེ་ཞི་གློག་ཆས་ཚོང་དོན་ཚད་ཡོད་ཀུང་ཟི། ཧྲང་ཧའེ་ཧྥང་ཐན་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་ཟི། པེ་ཅིན་ཡུན་ཧྭ་ཧྲི་ཀང་གློག་བརྙན་ལས་རིགས་ཚད་ཡོད་ཀུང་ཟི་བཅས་ཀྱིས་མཉམ་འབྲེལ་གྱིས་ཕབ་སྐྲུན་བྱས་ཤིང་། མཚོ་སྔོན་མ་ཎི་རྡོ་འབུམ་གློག་བརྙན་ལས་རིགས་ཚད་ཡོད་ཀུང་ཟི་དང་ཀྲུང་གོ་མཛེས་རྩལ་སློབ་གླིང་གློག་བརྙན་སྨྱན་སྦྱོར་ཚད་ཡོད་ཀུང་ཟི་གཉིས་ཀྱིས་བཟོ་སྐྲུན་ལས་ཁུངས་ཀྱི་འགན་ཁུར་ཡོད།