ལྕགས་ལམ་ཤར་གཏོང་ཐུབ་པའི་ཟླ་བ་གཅིག་རིང་མི་ཁྲི་18སྐྱེལ་འདྲེན་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-12-27   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


    ཀྲུང་གོའི་ལྕགས་ལམ་ཁུང་མིང་ཅུས་ཚོགས་པ་ཚད་ཡོད་ཀུང་སི་ནས་རྒྱུས་ལོན་བྱུང་ལྟར་ན། ཟླ་བ་12པའི་ཚེས་26ཉིན། ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་ཤར་གཏོང་ཐུབ་ནས་ཟླ་བ་གཅིག་འགོར་ཞིང་། ཟླ་བ་གཅིག་རིང་འགྲུལ་བ་མི་ཁྲི་18སྐྱེལ་འདྲེན་བྱས་ལ། ཚོང་ཟོག་ཏུན་ཁྲི་2.3སྐྱེལ་འདྲེན་བྱས། ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་ཤར་གཏོང་ཐུབ་པ་དེས་དམངས་ཚོགས་ཀྱི་འགྲོ་འོང་ལ་སྟབས་བདེ་བཟོས་པ་མ་ཟད། དངོས་ཟོག་སྐྱེལ་འདྲེན་དང་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་བཏང་ལ། བདེ་ཆེན་གྱི་ཁྱད་ལྡན་ཐོན་རྫས་ཕྱི་ལ་སྐྱེལ་ཐུབ་པ་བྱུང་ལ། ས་གནས་དམངས་ཚོགས་ཀྱིས་བཟོ་ལས་ཐོན་རྫས་དང་འབྲུ་རིགས་སོགས་ཉོ་སྒྲུབ་བྱེད་པར་སྟབས་བདེ་ཆེན་པོ་བཟོས་ཡོད་པ་རེད།

ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་ཤར་གཏོང་ཐུབ་པའི་ཟླ་བ་གཅིག་རིང་།ཉིན་རེར་ཆ་སྙོམས་འགྲུལ་པ་མི་ཐེངས་6214སྐྱེལ་འདྲེན་བྱས་པ་དང་ཉིན་གཅིག་ལ་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མཐོ་ཤོས་མི་ཐེངས་755༥ཟིན་པ། ཉིན་ལྟར་སྒུལ་འཁོར་དེ་ཤར་གཏོང་ཐུབ་མ་ཐག་པའི་8ནས་10བར་མང་དུ་ཕྱིན་ནས་འགྲུལ་པ་ཕྱིར་སྐྱོད་ཀྱི་དགོས་མཁོ་སྔར་བས་སྐོང་ཐུབ་པ་བྱུང་ཡོད།

图片

    ཤེས་རྟོགས་བྱུང་བར་གཞིགས་ན། ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་ཤར་གཏོང་ཐུབ་རྗེས་བདེ་ཆེན་གྱི་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བྱེད་མཁན་ལོ་གོང་མ་ལས་མང་དུ་ཕྱིན་པ་དང་དགུན་དུས་ཡུལ་སྐོར་དུ་ཡང་མངོན་གསལ་གྱིས་ཇེ་མང་དུ་སོང་འདུག