འབའ་ལུང་རྫོང་གི་ “ཁོ་ཧྲི”དུས་ཆེན་གྱི་ལྟད་མོ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-12-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


    ཟླ་12ཚེས་23ཉིན་གྱི་ཞོགས་པ་སྔ་པོ་ནས་“ཁོ་ཧྲི་”དུས་ཆེན་གྱི་རིག་གནས་སྟོན་མོ་གཟབ་རྒྱས་ངང་འགོ་ཚུགས་ཤིང་། འབུད་རྡུང་དཀྲོལ་གསུམ་གྱི་ཟིང་ཆེའི་ཁྲོད་ནས་ཨ་ཁྲི་མུའུ་ཀ་ལི་སུའུ་རིགས་ཀྱི་རུ་ཁག་དང་མཐའ་ཆུ་རས་པའི་བོད་རིགས་ཀྱི་རུ་ཁག་སྔ་ཕྱི་བྱས་ནས་ཐོན་ལ།   འཇང་གཞས་བཏང་བཞིན་པའི་འཇང་རིགས་ཀྱི་རུ་ཁག་ཡང་གར་སྟེགས་སུ་ཐོན། གླུ་ལེན་གར་འཁྲབ་བྱས་ཏེ་འབའ་ལུང་གི་ཕུན་སུམ་ཚོགས་པའི་དམངས་ཁྲོད་སྒྱུ་རྩལ་དང་མི་རིགས་ཀྱི་ཁྱད་ཆོས་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད།





རིགས་སོ་སོའི་དམངས་ཚོགས་ཀྱིས་དགའ་དགའ་སྤྲོའི་ངང་“ཁོ་ཧྲི་”དུས་ཆེན་རོལ་བཞིན་པ།