འབའ་ལུང་རྫོང་གི་2024ལོའི་“ཁོ་ཧྲི”དུས་ཆེན་དང་འཁྱགས་ཆང་རིག་གནས་དུས་ཆེན་འགོ་ཚུགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-12-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ12པའི་ཚེས21ཉིན།2024ལོའི་འབའ་ལུང་ལི་སུའུ་རིགས་རང་སྐྱོང་རྫོང་གི་“ཁོ་ཧྲི”དུས་ཆེན་གྱི་བྱེད་སྒོ་རབ་དང་རིམ་པའི་འགོ་ཚུགས་མཛད་སྒོ་དང་སྐུ་མགྲོན་བསུ་བའི་ཆེད་དོན་དགོང་ཚོགས་དེ་མི་རིགས་མཐུན་སྒྲིལ་རིག་གནས་ཐང་ཆེན་དུ་འཚོགས་པ་རེད།  

  

    ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥུང་གིས་བདེ་ཆེན་ཁུལ་འབའ་ལུང་རྫོང་གི་2024ལོའི་ཁོ་ཧྲིདུས་ཆེན་དང་སེམས་ཀྱི་ཉི་ཟླ་འཁྱགས་ཆང་རིག་གནས་དུས་ཆེན་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད།

    ཞིང་ཆེན་ཨུ་ལྷན་གྱི་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་སྐྱོད་ལྟ་སྐུལ་སློབ་སྟོན་ཚོ་ཆུང་བཅོ་ལྔ་པའི་འགོ་འཛིན་ཧོ་ཞང་ཧུང་།ཁུལ་གྱི་འགོ་ཁྲིད་ཡུས་ཧྲེང་ཞང་དང་།ཁྲེན་ཆུན།ཞུས་ཀོང་ཏེ་བཅས་དང་དེ་བཞིན་ཞིང་ཆེན་དང་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་གི་འགོ་ཁྲིད་དང་།ཁ་གཏད་རོགས་སྐྱོར་འབྲེལ་གཏུག་སྡེ་ཚན་གྱི་འགོ་ཁྲིད།མཛའ་ཉེ་འཁོར་གྱི་རྫོང་དང་གྲོང་ཁྱེར་གྱི་འཐུས་མི་ཚོགས་པ་བཅས་བྱེད་སྒོར་ཞུགས་ཡོད།

    བྱེད་སྒོ་དེ་མགྲོན་བསུ་མཛད་སྒོའི་ལི་སུའུ་རིགས་ཀྱི་ཞབས་བྲོསྨོན་ལམཁྲོད་འགོ་ཚུགས་པ་རེད།ཁོ་ཧྲིདུས་ཆེན་གྱི་བརྗོད་དོན་གཙོ་བོའི་རིག་རྩལ་འཁྲབ་སྟོན་དེ་མགྲོན་བསུའི་མཛད་སྒོ་དང་། ཕུགས་འདུན་འཚོལ་བ། འཆམ་མཐུན། རྟེན་འབྲེལ་བཅས་ལེའུ་བཞི་རུ་དབྱེ་ཡོད།ལེའུ་རེ་རེས་ཕྱོགས་བཞིའི་སྐུ་མགྲོན་ལ་གཙང་གསུམ་དཀྱིལ་ཁུལ་གྱི་མཛེས་སྡུག་ལྡན་པའི་འབའ་ལུང་གི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས་ཡོད་པ་རེད།མཇུག་ཏུ་རིག་རྩལ་འཁྲབ་སྟོན་དེ་གླུ་གཞས་བདེ་སྐྱིད་ལྡན་པའི་འཚོ་བཞེས་པའི་སྙན་འཇེབས་ལྡན་པའི་འགྱུར་ཁུག་ཁྲོད་མཇུག་འགྲིལ་བ་རེད།

    ད་ལོར་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཁུལ་རིམ་པའི་སྡེ་ཚན་ཁག་དང་དེ་བཞིན་རྫོང་(གྲོང་ཁྱེར་)གསུམ་གྱི་མི་དམངས་སྲིད་གཞུང་གིས་གཙོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཏེ་དུས་སྟོན་དང་རྟེན་འབྲེལ་ཞུ་བའི་བྱེད་སྒོ་ཚད་ལྡན་དུ་གཏོང་བ་དང་། དུས་སྟོན་དང་རྟེན་འབྲེལ་ཞུ་བའི་རིག་གནས་སྐྱེད་སྲིང་བྱས་པ་བརྒྱུད་དུས་སྟོན་དང་རྟེན་འབྲེལ་ཞུ་བའི་དཔལ་འབྱོར་འཕེལ་རྒྱས་བཏང་ནས་ཤུགས་རྐྱེན་ཐེབས་ཤུགས་ཆེ་བ་དང་སྙན་གྲགས་ཆེ་བའི་དུས་སྟོན་དང་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་སྤུས་རྟགས་ཁག་གཅིག་ནུས་ཤུགས་ཡོད་རྒུས་བཏོད་དེ་བདེ་ཆེན་གྱི་ཡུལ་སྐོར་ཐོན་རྫས་རྒྱུན་ཆད་མེད་པར་སྣ་མང་དུ་གཏོང་བར་ཧུར་བརྩོན་བྱས་པ་རེད།“དུས་ཚིགས་རེར་བརྗོད་བྱ་རེ་ཡོད་པ་དང་ཟླ་བ་རེར་བྱེད་སྒོ་རེ་ཡོད་པའི་”འཕེལ་རྒྱས་ཀྱི་བསམ་ཕྱོགས་གཞིར་བཟུང་“ཁོ་ཧྲི”དུས་ཆེན་དང་འཁྱགས་ཆང་རིག་གནས་དུས་ཆེན་མཉམ་དུ་ཐེངས་དང་པོ་གཉེར་བ་དང་།ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་རྣམ་གྲངས་ཀྱི་སྲོལ་རྒྱུན་དམངས་སྲོལ་དང་དེ་བཞིན་ལི་སུའུ་རིགས་ཀྱི་ལོ་གསར་གྱི་“ཁོ་ཧྲི”་དམངས་སྲོལ་ཉམས་ལེན་དང་།“མངར་ཞིང་ཞིམ་པའི”འཁྱགས་རྒུན་རྟེན་གཞི་དང་དེ་བཞིན་འཁྱགས་ཆང་བཟོ་གྲྭར་ལྟ་སྐོར་དང་ཉམས་ལེན་བྱེད་པ་སོགས་ས་ཁོངས་ཀྱི་ཁྱད་ཆོས་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས།2024་ལོའི་“ཁོ་ཧྲི”དུས་ཆེན་དང་འཁྱགས་ཆང་རིག་གནས་དུས་ཆེན་གཉེར་བ་བརྒྱུད་བདེ་ཆེན་རིག་གནས་ཀྱི་མཉེན་པའི་སྟོབས་ཤུགས་དང་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་ནས་རིག་གནས་ལུས་རྩལ་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

    ཐེངས་འདིའི་“ཁོ་ཧྲི”དུས་ཆེན་གྱི་བྱེད་སྒོ་རབ་དང་རིམ་པའི་ཁྲོད་འཁྱགས་ཆང་རིག་གནས་འགྲེམས་སྟོན་དང་།གླུ་བ་གླུ་མའི་གླུ་གཞས་ཆེད་ཚོགས།ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་གླེང་སྟེགས།“ཁོ་ཧྲི”དུས་ཆེན་གྱི་་བརྗོད་བྱ་གཙོ་བོའི་མཚན་ཚོགས། མདའ་འཕེན་འགྲན་བསྡུར། དམངས་སྲོལ་ཉམས་ལེན། མེ་ཕུང་མཚན་ཚོགས་སོགས་གཅིག་རྗེས་གཉིས་མཐུད་ངང་སྤེལ་ཏེ།ཕྱོགས་ཡོངས་ནས་འབའ་ལུང་གི་སྣ་མང་མི་རིགས་རིག་གནས་དང་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས། ས་གནས་ཀྱི་ཁྱད་ལྡན་ཟས་མཆོག་དང་དེ་བཞིན་རྫོང་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཞི་མཐུན་བདེ་སྐྱིད་འཚོ་བའི་མཛེས་ལྗོངས་རི་མོ་མངོན་པར་བྱས་ཡོད།