སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ས་མཐོའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-12-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ད་ལོ་ནས་བཟུང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཞིང་པའི་འབབ་འཕར་ལ་དམ་པོར་དམིགས་ནས་“སྟོབས་ཆེན་གཅིག་དང་སྤུས་ལེགས་མང་བའི་”ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་“ས་མཐོའི་ཕྱུགས་རིགས་དང་རི་ཕྱེད་སྨན་རྫས་དང་ལུང་གཞུང་གི་ཐ་མག་”བཅས་ཀྱི་ཐོན་ལས་བར་མཐོངས་བཀོད་སྒྲིག་གཞིར་བཟུང་གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད། 

        སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་《སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་2023ལོའི་ཞིང་ལས་ཐོན་ལས་ལག་བསྟར་ཇུས་གཞི་》དང་《ཡང་ཐང་གི་འབྲི་ཏ་སྔོན་པོའི་ཐོན་ལས་ལྡུམ་རའི་གྲུབ་རྫས་མཛོད་འཇུག་ལས་སྣོན་འཁོར་ཁང་འཛུགས་སྐྲུན་ལག་བསྟར་ཇུས་གཞི།》 《ཡང་ཐང་གྲོང་རྡལ་གྱི་དེང་རབས་འབྲི་ཏ་སྔོན་པོའི་ཐོན་ལས་ལྡུམ་ར་འཛུགས་སྐྲུན་རྣམ་གྲངས་ཀྱི་ལག་བསྟར་ཇུས་གཞི》སོགས་གཏན་འབེབས་བྱས་ནས་སྲིད་ཇུས་ཀྱི་ཁྲིད་སྟོན་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་བ། འདེབས་འཛུགས་གསོ་སྤེལ་རྟེན་གཞི་འཛུགས་སྐྲུན་དང་།            ཐོན་ལས་ཆ་འགྲིག་གི་རྨང་གཞིའི་སྒྲིག་བཀོད། ཞིང་ཞོར་ཐོན་རྫས་ལས་སྣོན་འཁོར་ཁང་།“རྫོང་གཅིག་ལ་ལས་རིགས་གཅིག་”གི་ཁྱད་ཆོས་ལྡན་པའི་སྒོ་ཕྱུགས་དང་ཁྱིམ་བྱ་འཛུགས་སྐྲུན། ཞིང་ལས་ཐོན་རྫས་ཀྱི་ཚོང་རྟགས་གྲགས་ཅན་འཛུགས་སྐྲུན་རྣམ་གྲངས།  ས་མཐོའི་ཞོག་ཁོག་རྟེན་གཞི་འཛུགས་སྐྲུན་སོགས་ཐོན་ལས་རྣམ་གྲངས115ལག་བསྟར་བྱས་པ། སྣེ་འདྲེན་ཁེ་ལས་ཀྱིས་མཉམ་ལས་ཁང་དང་མཉམ་ལས་ཁང་གིས་ཞིང་དུད་དང་སྦྲེལ་བའི་“གཉིས་ལྡན་དུད་སྦྲེལ་”གྱི་ཁེ་ཕན་མཉམ་འབྲེལ་ལམ་སྲོལ་བཙུགས་ནས་ཐོན་ལས་འཕེལ་རྒྱས་བཏང་སྟེ་དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་འདེགས་སྐྱོར་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་རེད།  ཞིང་ལས་ཀྱི་སྤུས་རྟགས་གཏོད་པའི་གོམ་སྟབས་མགྱོགས་སུ་གཏོང་བ་དང་། སྤུས་རྟཊ་རིམ་སྤོར་འདུ་འགོད་ལག་བསྟར་བྱས་ཏེ་སྤུས་རྟགས་སྐྱེད་སྲིང་དང་དྲིལ་བསྒྲཊ་འོས་སྦྱོར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་སེམས་ཀྱི་ཉི་ཟླའི་ཞིང་ལས་ཐོན་རྫས་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་བཏང་བ།              

        མིག་སྔའི་བར་དུ་གྲོང་ཁྱེར་ཡོངས་སུ་“སྤུས་རྟགས་གསུམ་དང་དམིཊ་ཚད་གཅིག་”གི་ཁས་ལེན་ཐོབ་པའི་ཐོན་རྫས་108ཡོད་པ་དང་སེམས་ཀྱི་ཉི་ཟླའི་འབྲི་གཡག་དང་བོད་ཕག་སོགས་མཚོན་བྱེད་རང་བཞིན་གྱི་ཞིང་ལས་ཐོན་རྫས་ལ་དམིགས་ཏེ་མ་དངུལ་སྒོར་ཁྲི་100བཏང་ནས་ཞིང་ལས་ཐོན་རྫས་ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་སྐྱེད་སྲིང་རྣམ་གྲངས་ལག་བསྟར་བྱས་ཏེ་ལོ་མཇུག་ཏུ་ས་ཁོངས་ཀྱི་སྤྱི་པའི་སྤུས་རྟཊ་ཀྱི་རིན་ཐང་མ་ལག་གདམ་གསེས་དང་སྤུས་རྟགས་ཀྱི་གཟུཊ་བརྙན་མ་ལག་ཇུས་འགོད་དང་སྤུས་རྟགས་ཁྱབ་གདལ་མ་ལག་གི་རྨང་གཞིའི་འཛུགས་སྐྲུན་ལས་གྲྭ་ལེགས་སྒྲུབ་བྱ་རྒྱུའི་འཆར་གཞི་ཡོད་པ་དང་། རང་རེའི་གྲོང་ཁྱེར་གྱི་ས་མཐོའི་ཁྱད་ལྡན་ཞིང་ལས་སྤུས་རྟགས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རོགས་བྱས་པ་རེད།