རང་ཁུལ་གྱིས་དཀའ་ངལ་ཡོད་པའི་མང་ཚོཊ་བདེ་འཇགས་དང་དྲོ་སྐྱིད་ལྡན་པའི་ངང་དགུན་སྒྲོལ་ཐུབ་རྒྱུར་འགན་ལེན་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-12-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། གྲང་ངར་ཆེ་བའི་དགུན་དུས་སུ་བདེ་ཆེན་ཁུལ་དམངས་སྲིད་མ་ལག་གིས་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་རོགས་སྐྱོབ་སྲིད་ཇུས་སྣ་ཚོགས་བེད་སྤྱོད་ཡག་པོ་དང་བེད་སྤྱོད་འདང་ངེས་བྱས་ནས་དཀའ་ངལ་ཡོད་པའི་མང་ཚོགས་དྲོ་སྐྱིད་དང་བདེ་འཇགས་ངང་དགུན་སྒྲོལ་ཐུབ་པར་འགན་ལེན་བྱས་པ་རེད།

        མཐའ་སྐྱོང་འགན་ལེན་བྱས་ནས་དྲོ་སྐྱིད་ལྡན་པའི་རོགས་སྐྱོབ་ནུས་ཤུགས་ཡོད་རྒུས་བྱས་ཤིང་། གཏན་འབེབས་རང་བཞིན་གྱི་དབུལ་ཕོངས་བསྐྱར་ལོག་སྔོན་འགོག་མཐའ་གཅིག་ཏུ་བྱས་པ། ནད་དང་དབང་པོ་སྐྱོན་ཅན།  སློབ་སྦྱོང་བཅས་དང་གྲོང་གསེབ་ཀྱི་དམའ་སྲུང་བྱ་ཡུལ་གྱི་ལས་ཞུགས་མ་གནས་སོགས་འགྱུར་མེད་རང་བཞིན་གྱི་གཏོང་སྒོ་འཕྲི་འཐེན་དང་དེ་བཞིན་ལས་ཞུགས་ལས་སྐྲུན་ཁྱིམ་ཚང་གི་མི་རེའི་ཆ་སྙོམས་ཡོང་འབབ་ས་གནས་དེ་གའི་དམའ་སྲུང་གི་ཚད་གཞི་ལས་བརྒལ་བའི་གྲོང་གསེབ་ཀྱི་དམའ་སྲུང་བྱ་ཡུལ་ལ་ལོ་ཕྱེད་ནས་ལོ་གཅིག་བར་གྱི་“རོགས་སྐྱོབ་རིམ་བཞིན་ཕྱིར་འཐེན་”སོགས་ཀྱི་སྲིད་ཇུས་དོན་འཁྱོལ་སྔར་ལས་ལྷག་པར་བྱས། ཆ་རྐྱེན་འཛོམས་པའི་དབུལ་སྒྲོལ་མི་འབོར་དང་ཡུལ་གཞན་དུ་གནས་སྤོས་དཀའ་ངལ་ཡོད་པའི་མང་ཚོགས་ལ་མུ་མཐུད་གཏན་འབེབས་གཞིར་བཟུང་དམའ་སྲུང་ངམ་ཡང་ན་དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་ཁྱབ་ཁོངས་ནང་བཅུག་པ་མ་ཟད། དུས་ཐོག་ཏུ་དབུལ་ཕོངས་བསྐྱར་ལོག་སྔོན་འགོག་ལྟ་ཞིབ་ཚད་ལེན་བྱ་ཡུལ་དམའ་སྲུང་ངམ་དམིགས་བསལ་དཀའ་ངལ་ཡོད་པའི་འཚོ་སྐྱོང་འགན་སྲུང་ཁྱབ་ཁོངས་སུ་བཅུག་པ། དམའ་སྲུང་གི་“མི་རྐྱང་དུད་ཚང་”གི་སྲིད་ཇུས་ལེགས་སྒྲིག་དང་ལེགས་སུ་བཏང་ནས་གནོད་འཚེ་ཕོག་པའི་རྐྱེན་གྱིས་དཀའ་ངལ་འཕྲད་པའི་མང་ཚོགས་ལ་རོགས་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་བ།

        ཞིབ་བཤེར་མཆན་འགོད་ཀྱི་གོ་རིམ་སྔར་ལས་ལྷག་པར་སྟབས་བདེ་རུ་བཏང་ནས་“སྔོན་ལ་རོགས་སྐྱོབ་བྱེད་པའི་”ལས་དོན་ཧུར་ཐག་སྤེལ་བ། དབུལ་ཕོངས་མི་འབོར་གྱི་གློ་བུར་རང་བཞིན་དང་། གནས་སྐབས་རང་བཞིན། དགོས་གཏུག་ཆེ་བའི་རང་བཞིན་བཅས་ཀྱི་གཞི་རྩའི་འཚོ་བའི་དཀའ་ངལ་ཐག་གཅོད་ནུས་ལྡན་བྱས་པ། དགུན་ཁ་ཤར་ཚུན་དཀའ་ངལ་ཡོད་པའི་མང་ཚོགས་ལ་རིམ་རྩིས་བྱས་ན་གནས་སྐབས་རོགས་སྐྱོབ་མི་ཐེངས1911བྱས་པ་དང་རོགས་སྐྱོབ་དངུལ་སྒོར་ཁྲི་250སྤྲད་པ་རེད།

        “ཡུན་ནན་ཞིང་ཆེན་སྲིད་གཞུང་གི་རོགས་སྐྱོབ་ལས་སྟེགས་”ཁྱབ་གདལ་བེད་སྤྱོད་ལས་དོན་ཏན་ཏིག་ངང་ཡག་པོ་སྤེལ་བ་དང་། 2023ལོར།   སྲིད་གཞུང་གི་རོགས་སྐྱོབ་ལས་སྟེགས་བརྒྱུད་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དམའ་སྲུང་གི་གནས་སྐབས་རོགས་སྐྱོབ་དོན་ཚན་684རེ་ཞུ་བྱས་པ་དང་གྱོད་གཞི་588ཐག་གཅོད་ལེགས་གྲུབ་ཟིན་པ་དང་དེ་བྱིངས་ཀྱི་གྱོད་གཞི་96ཐག་གཅོད་བྱེད་བཞིན་ཡོད་པ་རེད།  གྲོང་ཁྱེར་དང་གྲོང་གསེབ་ཀྱི་དམའ་སྲུང་གི་མ་དངུལ་དང་དམིགས་བསལ་དཀའ་ངལ་ཡོད་པའི་མཁོ་སྤྲོད་མ་དངུལ་“གཱ་གཅིག་འཐུས་”ཀྱི་ལས་སྟེགས་བརྒྱུད་རྫོང་རིམ་པས་ཟླ་རེ་བཞིན་གཅིག་གྱུར་ཐོག་སྤྲད་དེ་མ་དངུལ་གཏོང་སྤྲོད་ལས་ཆོད་ཆེ་བ་དང་། སྟབས་བདེ་བ། བདེ་འཇགས་བཅས་ཡོང་བར་འགན་ལེན་ཏན་ཏིག་བྱས་པ་དང་ ཆ་འཕྲིན་ཅན་གྱི་རིག་ནུས་གཞོགས་འདེགས་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ཡོད།

        རང་འགུལ་ངང་དབུལ་སྐྱོར་དང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་འཕྲོད་བསྟེན་སོགས་སྡེ་ཚན་དང་གྲངས་གཞི་བརྗེ་རེས་དང་བསྡུར་བ་བྱས་ཏེ་རང་འགུལ་ངང་དཀའ་ངལ་ཡོད་པའི་ཁྱིམ་ཚང་ཁྲོད་ཀྱི་“ཁ་ཁུ་སིམ་པའི་ཉུང་ཤས་”ཤེས་རྟོགས་བྱས་པ། དགུན་ཁ་ཤར་ཚུན་གྲལ་བཤེར་བྱས་པ་བརྒྱུད་མི་593དུས་ཐོག་ཏུ་དམའ་སྲུང་དང་དམིགས་བསལ་དཀའ་ངལ་ཡོད་པའི་ཁྱབ་ཁོངས་ནང་བཅུག་ཡོད། རང་ཁུལ་གྱི་འཚོ་རྟེན་མེད་པའི་འཁྱམ་པོ་དང་སློང་མོ་བར་དུས་ཐོག་ཏུ་རོགས་སྐྱོབ་ནུས་ལྡན་ཐུབ་པའི་འགན་ལེན་ཏན་ཏིག་བྱ་ཆེད། ཟླ11་ཚེས1་ཉིན་ཁུལ་ཡོངས་ཀྱི་“2023་ལོའི་གྲང་ངར་ཆེ་བའི་དགུན་དུས་དྲོ་སྐྱིད་སྐྱེལ་བའི་”བྱེད་སྒོའི་ཆེད་དོན་རོགས་སྐྱོབ་བྱ་སྤྱོད་སྤེལ་འགོ་ཚུགས་པ་རེད།

        བྱ་ཐབས་ཞིབ་ཚགས་སུ་བཏང་ནས་གནད་སྨིན་རོགས་སྐྱོབ་ནུས་ཤུགས་ཡོད་རྒུས་བྱས་ཤིང་། དྲ་ཐོག་ཆ་འཕྲིན་བསྡུར་བ་དང་དྲ་འོག་དུད་ཚང་དུ་བསྐྱོད་དེ་ཞིབ་བཤེར་བྱ་རྒྱུ་ཟུང་འབྲེལ་བྱེད་པའི་བྱ་ཐབས་བརྒྱུད་ནད་གཞི་ཕོག་པ་དང་དབང་པོ་སྐྱོན་ཅན་དུ་གྱུར་པ་སོགས་སྤྱི་ཚོགས་ཀྱི་རོགས་སྐྱོབ་ཆ་རྐྱེན་དང་མཐུན་པའི་མི་སྣ་དུས་ཐོག་ཏུ་རོགས་སྐྱོབ་ཁྱབ་ཁོངས་ནང་བཅུག་ཡོད།