དགུན་དུས་ཡང་ཐང་གྲོང་རྡལ་གྱི་མཛེས་ལྗོངས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-12-20   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


གྲོང་ཚོ་དང་། ཆུ་མཛོད། ནགས་རི། རྩྭ་ཐང་སོགས།

དགུན་དུས་ཀྱི་ཡང་ཐང་གྲོང་རྡལ་གྱི་རི་ཚོགས་

ཁ་བས་གཡོགས་པས་མཛེས་སྡུག་ལྟ་བས་མི་ངོམ་པ།

        ཉེ་བའི་ལོ་ཤས་རིང་ཡང་ཐང་གྲོང་རྡལ་གྱིས་སྐྱེ་ཁམས་སྲུང་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་སྔོ་ཞིང་དྭངས་བའི་རི་ཆུ་ཀླུང་གསུམ་དང་གྲོང་གསེབ་ཀྱི་ཡུལ་སྐོར་ཕྱོགས་གཅིག་ནས་དམ་འཛིན་བྱེད་པའི་རྣམ་པ་གསར་པ་འཚོལ་ཞིབ་བྱས་པ་དང་མཐའ་འཁོར་གྱི་གྲོང་མིས་ཆུ་མཛོད་ཀྱི་མཛེས་ལྗོངས་དང་ས་མཐོའི་ཡུལ་ལྗོངས་ལ་བརྟེན་ནས་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་ཧུར་ཐག་བཏང་སྟེ་དམངས་སྲོལ་གནས་ཚང་དང་། བཟའ་བཏུང་། ཞིང་གྲོང་སོགས་གྲོང་གསེབ་ཀྱི་ཡུལ་སྐོར་རྣམ་གྲངས་གཉེར་སྐྱོང་བྱས་ཡོད།

        དགུན་དུས་ཀྱི་ཡང་ཐང་ཡང་ཧ་ཅང་མཛེས་པ་དང་གངས་འཁྱགས་ཀྱིས་བསྡམས་ལ་ས་མཐོའི་ཡུལ་སྐོར་གྱི་ཁྱད་ཆོས་ཀྱང་ཆེན་པོ་ལྡན་པས་གལ་ཏེ་ས་གནས་དེ་གས་དགུན་དུས་གྲོང་གསེབ་ཀྱི་གངས་འཁྱགས་ཀྱིས་བསྡམས་པའི་ཡུལ་སྐོར་རྣམ་གྲངས་འཚོལ་ཞིབ་དང་འཕེལ་རྒྱས་གཏོང་ཐུབ་ཚེ་ངས་བསམ་ན་མི་དེ་བས་མང་བ་ཞིག་འདི་གར་ཡོང་ནས་འདི་གའི་དགུན་དུས་ཀྱི་སྤྲོ་སྣང་ཤེས་རྟོགས་ཐུབ་རྒྱུ་རེད། ཧྲེན་ཀྲེན་ནས་ཡོང་བའི་ཡུལ་སྐོར་བ་དབྱང་ལིས་ནང་མི་ཚང་མ་ཁྲིད་དེ་ཡང་ཐང་དུ་སྤྲོ་གསེང་ལྟ་སྐོར་བསྐྱོད་པ་དང་ཕྲུ་གུ་ཚོར་ཡང་གངས་ཁྲོད་དུ་དགའ་གཏོང་བྱེད་པའི་མྱོང་བ་ཐེངས་དང་པོ་བྱུང་བ་དང་ཁོང་ཚོས་ད་དུང་ཉིན་ཁ་ཤས་བསྡད་དེ་དགུན་དུས་ཀྱི་གངས་འཁྱགས་ཀྱི་འཇིག་རྟེན་ཉམས་སུ་མྱོང་འདོད་ཡོད་ཅེས་བཤད།