སེམས་ཀྱི་ཉི་ཟླ་རྒྱལ་སྤྱིའི་བྱ་གཟིཊ་དུས་ཆེན་དང་འབའ་ལུང་“ཁོ་ཧྲི”དུས་ཆེན་གྲ་སྒྲིག་ལས་དོན་གྱི་ཆེད་དོན་བཀོད་གཏོང་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-12-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ12པའི་ཚེས18ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་གིས་སེམས་ཀྱི་ཉི་ཟླ་རྒྱལ་སྤྱིའི་བྱ་གཟིགས་དུས་ཆེན་དང་འབའ་ལུང་“ཁོ་ཧྲི”དུས་ཆེན་གྲ་སྒྲིག་ལས་དོན་གྱི་ཆེད་དོན་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

 “ཁོ་ཧྲི”དུས་ཆེན་གྲ་སྒྲིག་ལས་དོན་གྱི་གནས་ཚུལ་གསན་རྗེས། ཀྲང་ཝེ་ཏུང་གིས་དུས་ཚོད་ཀྱི་མཚམས་ཚིགས་དམ་འཛིན་ཡག་པོ་བྱས་ཏེ་སྐུ་མགྲོན་གདན་ཞུ་དང་ སྣེ་ལེན་ཞབས་ཞུ་སོགས་ལྷུ་ཚིགས་ཁག་ཞིབ་ཚགས་ངང་ཡག་པོ་བསྒྲུབས་ནས་བཟའ་བཏུང་དང་།ཞག་སྡོད་སོགས་ཀྱི་བདེ་འཇགས་འགག་སྒོ་ཕྱོགས་ཡོངས་ནས་ཡག་པོ་སྲུང་བ་དང་།སྔོ་ཚལ་གྱི་ཚོས་གཞིའི་ཐད་འབད་བརྩོན་བྱས་ཏེ་བདེ་ཆེན་གྱི་ཚལ་ཐོ་འདོན་དགོས། རིགས་ཁག་གི་སྨྱན་སྦྱོར་ལས་སྟེགས་དང་སྨྱན་སྦྱོར་གསར་པའི་བྱ་ཐབས་གང་ལེགས་སྤྱད་དེ་འབའ་ལུང་དང་སེམས་ཀྱི་ཉི་ཟླ་གྲོང་ཁུལ་གྱི་“ཁོ་ཧྲི”དུས་ཆེན་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ནས་ཚང་མས་དུས་བདེ་འཆམ་མཐུན་དང་སྤྲོ་སྣང་ལྡན་པའི་དུས་ཆེན་ཞིག་གཏོང་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ།

    སེམས་ཀྱི་ཉི་ཟླ་རྒྱལ་སྤྱིའི་བྱ་གཟིགས་དུས་ཆེན་གྱི་གྲ་སྒྲིག་གནས་ཚུལ་གསན་རྗེས་ཀྲང་ཝེ་ཏུང་གིས་རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ས་ཚིགས་ཀྱི་གནས་བབ་མཐོ་རུ་གཏོང་བ་དང་ཚད་མཐོའི་མཐོང་ཆེན་དང་མཉམ་སྒྲུབ་གཞོགས་འདེགས་བྱས་ཏེ་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་ཡུལ་སྐོར་བྱེད་སྒོར་བརྟེན་ནས་སྣོད་བཅུད་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་དང་། ཇུས་འགོད་དང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་ཚོགས་ཡོངས་སུ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་པའི་རྣམ་པ་ཟབ་མོ་ཞིག་གཏོད་དགོས་ཞེས་བསྟན་པ་རེད།