རང་ཁུལ་གྱི་འགོ་ཁྲིད་ཀྱིས་ཁུན་མིང་དུ་ཡོད་པའི་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་ཁག་ཅིག་ལ་འཚམས་འདྲི་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-12-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ12པའི་ཚེས15ཉིན།ལོ་གསར་ཐོན་ལ་ཡོད་པའི་སྐབས་འདིར།ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥུང་གིས་ཁུན་མིང་དུ་ལི་ཡུས་ཧྥང་དང་ཀྲུའུ་ལན་ཤིས། ཧོ་ཨ་པའོ་སོགས་རང་ཁུལ་གྱི་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པར་འཚམས་འདྲི་གནང་ནས་ཁོང་ཚོར་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་དང་ལོ་གསར་གྱི་སྨོན་འདུན་ཞུས་པ།

    ལི་ཡུས་ཧྥང་གི་ཁྱིམ་དུ་ལུའོ་ཁྲའོ་ཧྥུང་གིས་མོ་ལ་དཀར་གཙང་ཁ་བཏགས་ཕུལ་ནས་ཁོ་མོའི་འཚོ་བ་དང་ལུས་ཁམས་ལ་བདེ་འདྲི་གནང་བ་དང་མོ་དང་མཉམ་དུ་སྔོན་ཆད་ཀྱི་འདས་དོན་དང་འཕེལ་རྒྱས་སྐོར་གླེང་བ་དང་བསམ་འཆར་ཉན་ནས། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་དང་སྒུལ་འཁོར་ཤར་གཏོང་ཐུབ་པའི་གཏམ་བཟང་ངོ་སྤྲོད་བྱས་པ་རེད།ལུའོ་ཁྲའོ་ཧྥུང་གིས་ལི་ཡུས་ཧྥང་གིས་བདེ་ཆེན་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིང་བ་དང་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་སྒུལ་འཁོར་ལ་བསྡད་དེ་བདེ་ཆེན་དུ་ཕ་ཡུལ་གྱི་འཕེལ་རྒྱས་དང་འགྱུར་ལྡོག་ལ་ལྟ་བར་ཡོང་རྒྱུའི་རེ་བ་ཞུས་པ་རེད།

    ཀྲུའུ་ལན་ཤིས་ད་ལོ་དགུང་ལོ་93ལ་སོན་ཡོད།ཁོང་གིས་ཀྲུང་ཧྲན་གསོ་རིག་སློབ་གླིང་སྨན་བཅོས་ཚན་ཁག་གི་ཆེད་ལས་སློབ་མཐར་ཕྱིན་རྗེས་མེས་རྒྱལ་གྱི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ནས་ཀོང་ཏུང་ཞིང་ཆེན་ལེ་ཁྲང་གྲོང་ཁྱེར་ཕིང་ཧྲི་གྲོང་རྡལ་ནས་བདེ་ཆེན་ཁུལ་འཇོལ་རྫོང་དུ་བོད་སྐྱོར་མཐའ་སྐྱོར་དང་མཐའ་མཚམས་སུ་གཞི་ཚུགས་ཏེ་བདེ་ཆེན་གྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་བ་རེད།ཀྲུའུ་ལན་ཤིས་ཀྱི་ཁྱིམ་དུ་ལུའོ་ཁྲའོ་ཧྥུང་གིས་ཁོང་གི་མི་སེམས་འགུལ་བའི་བྱས་རྗེས་ཤེས་རྟོགས་ཞིབ་ཕྲ་གནང་བ་དང་ཁོང་གིས་བདེ་ཆེན་ལ་གཤམ་སྐྱོད་ཐུབ་པ་དང་གནས་ཐུབ་ལ་སྤྱོད་གོ་ཆོད་པའི་འབྲིང་རིམ་འཕྲོད་བསྟེན་ཆེད་ལས་ཀྱི་དངོས་སྤྱོད་ཅན་གྱི་ཤེས་ལྡན་མི་སྣ་ཁག་གཅིག་གསོ་སྐྱོང་གནང་བར་བསྔགས་བརྗོད་གནང་བ་དང་འབྲེལ་ཁོང་དང་ནང་མིར་ལོ་གསར་གྱི་འཚམས་འདྲི་དང་སྨོན་འདུན་ཡང་ཞུས་པ་རེད།

“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70་འཁོར་བར་རྟེན་འབྲེལ་ཞུ་བའི་དྲན་གསོའི་ཐམ་ག”“གཟི་བརྗིད་ལྡན་པའི་ངང་ཏང་གི་ལོ་ངོ་50་འཁོར་བའི་དྲན་གསོའི་ཐམ་ག”སོགས་གཟེངས་རྟགས་དང་ལག་ཁྱེར་སྒྲོག་ཙེའི་ཐོག་བཤམས་ནས་བློ་མཐུན་ཧོ་ཨ་པའོ་དང་མཉམ་དུ་བདེ་ཆེན་ཁུལ་ཞི་བས་བཅིངས་འགྲོལ་དང་འཛུགས་སྐྲུན་འཕེལ་རྒྱས་ཆེད་ལེགས་སྐྱེས་ཕུལ་བའི་དཔང་པོ་བྱས་པ་རེད།ཧོ་ཨ་པའོ་ཡི་ཁྱིམ་དུ་ལུའོ་ཁྲའོ་ཧྥུང་གིས་ཁོང་དང་མཉམ་དུ་སྔོན་ཆད་ཀྱི་སྤྱིར་བཏང་མིན་པའི་ལོ་ཟླ་དྲན་གསོ་དང་དེ་རིང་གི་བདེ་སྐྱིད་ལྡན་པའི་འཚོ་བ་མཉམ་དུ་གླེང་གནང་བ་རེད།

    ལུའོ་ཁྲའོ་ཧྥུང་གིས་འཚམས་འདྲི་གནང་སྐབས་ལས་བྱེད་པ་རྒན་གྲས་ནི་ཏང་གི་སྲིད་སྐྱོང་རྒྱལ་དར་གྱི་ཐོན་ཁུངས་གལ་ཆེན་ཞིག་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན།ང་ཚོས་གསར་བརྗེའི་སྙིང་སྟོབས་དང་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས་པ་དང་། ལས་བྱེད་པ་རྒན་གྲས་ལ་བརྩི་འཇོག་དང་གཅེ་སྐྱོང་བྱེད་པ་ནི་ཏང་གི་གཟི་བརྗིད་ལྡན་པའི་ལོ་རྒྱུས་ལ་བརྩི་འཇོག་དང་གཅེས་སྐྱོང་བྱེད་པ་ཡིན།ལས་བྱེད་པ་རྒན་གྲས་ཚོས་མུ་མཐུད་ནུས་ཤུགས་འདོན་སྤེལ་བྱས་ཏེ་ཕ་ཡུལ་གྱི་འཕེལ་རྒྱས་ཆེད་ཐབས་དང་ཇུས་འདོན་རྒྱུའི་རེ་བ་ཡོད།འབྲེལ་ཡོད་སྡེ་ཁག་གིས་བློ་མཐུན་རྒན་གྲས་ལ་ཐུགས་ཁུར་ཡག་པོ་དང་།ཞབས་ཞུ་ཡག་པོ།འགན་སྲུང་ཡག་བཅས་བྱ་དགོས་ཞེས་ནན་གྱིས་བསྟན་པ་རེད།