སྒུལ་འཁོར་ལ་བསྡད་ནས་སྨན་རིར་ལྟད་མོ་ལྟ་འགྲོ

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-12-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        སྨན་རི་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཇོལ་རྫོང་གི་ས་ཁོངས་སུ་གནས་པ་དང་། ཡུན་ནན་དང་། སི་ཁྲོན། བོད་ལྗོངས་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་སུ་གནས་པ། ཆ་སྙོམས་ཀྱི་མཚོ་འཕགས་སྨི་6000ཡན་ཟིན་པ། རི་རྩེ་མཐོ་ཤོས་ཁ་བ་དཀར་པོ་རི་རྩེའི་མཚོ་འཕགས་སྨི་6740ཟིན་ཡོད།

        སྨན་རི་ནི་ས་མཐོའི་རང་བཞིན་གྱི་དྲོད་ཁུལ་རི་ཁུལ་གྱི་གནམ་གཤིས་ཡིན་པ་དང་། ཡུན་ནན་གྱི་སྐྱེ་དངོས་སྣ་མང་རང་བཞིན་ཆེས་ཕུན་སུམ་ཚོགས་པའི་ས་ཁུལ་གྱི་གྲས་ཤིག་ཡིན་ལ། ཀྲུང་གོ་དང་འཛམ་གླིང་གི་དྲོད་ཁུལ་ས་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་ཆེས་ཕུན་སུམ་ཚོགས་པའི་ས་ཁུལ་གྱི་གྲས་ཤིག་ཡིན་པ་དང་། ཀྲུང་གོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་འགག་རྩའི་ས་ཁོངས་17གྱི་གྲས་ཤིག་ཡིན་པ་རེད།