འབའ་ལུང་རྫོང2024ལོའི་ཁུའོ་ཧྲི་དུས་ཆེན་གྱི་ཞིམ་ཟས་རིག་གནས་རྩལ་ནུས་འགྲན་བསྡུར་སྤེལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-12-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་12ཚེས་18ཉིན།འབའ་ལུང་རྫོང་2024ལོའི“ཁུའོ་ཧྲི་”དུས་ཆེན་དང་རྒུན་ཆང་རིག་གནས་དུས་ཆེན་གྱི་ཞིམ་ཟས་རིག་གནས་རྩལ་ནུས་འགྲན་བསྡུར་སྤེལ་བ།

        ད་ཐེངས་ཀྱི་བྱེད་སྒོའི་ནང་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་ཁག་གི་ཕུལ་བྱུང་བཟའ་བཏུང་ཁེ་ལས་ཀྱི་བདམས་ཐོན་པ་51ཞུགས་ཡོད། རླངས་བཙོས་དང་། སྲེག་མ་སོགས་གཡོས་སྦྱོར་བྱེད་ཐབས་སྤྱད་དེ་ལི་སུའུ་རིགས་ཀྱི་བྱ་ནག་དང་རི་སྐྱེས་ཞོག་ཁོག་དེ་འབའ་ལུང་གི་ཁྱད་ལྡན་བཟའ་བཅའ་ཚོན་མདོག་དང་། བྲོ་བ། བཟོ་ལྟ། གསར་གཏོད་བཅས་ལ་བརྟེན་ནས་མངོན་ཞིང་། ཕུན་སུམ་ཚོགས་པའི་བཟའ་བཏུང་རིག་གནས་མངོན་པ་རེད།

        གཡོས་སྦྱོར་ཚན་པ་རེར་ལི་སུའུ་རིགས་ཀྱི་བྱ་ནག་དང་རི་སྐྱེས་ཞོག་ཁོག་བཅས་དམིགས་འཛུགས་ཚལ་རིགས་གཉིས་དང་རང་འདེམས་ཚལ་སྣ་གཅིག་གཡོས་སྦྱོར་བྱས་ནས། ས་གནས་ས་ཐོག་ཏུ་ཞིབ་དཔྱད་ཨུ་ཡོན་ཚོས་དཔྱད་བསྡུར་བྱས་ཏེ།མཐར་བྱ་དགའ་ཨང་དང་པོ་1དང་། ཨང་གཉིས་པ་3དང་། ཨང་གསུམ་པ་7 ཆེས་དགའ་བསུ་ཐོབ་པའི་བྱ་དགའ་2 ཆེས་ལེགས་པའི་གསར་གཏོད་བྱ་དགའ་3བཅས་འདེམས་ཡོད་པ་རེད།