རྒྱལ་ཡོངས་ཀྱི་ས་བབ་མཐོ་བའི་ཚོད་ལྟའི་སྲོག་ཆགས་ཚན་ཞིབ་སྟེགས་བུ་ཐོག་མ་བདེ་ཆེན་དུ་བཙུགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-12-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་ཆར། བདེ་ཆེན་ཁུལ་ཚན་རྩལ་ཅུས་དང་ཧྲང་ཧའེ་ཚོད་ལྟའི་སྲོག་ཆགས་ཞིབ་འཇུག་ལྟེ་གནས་མཉམ་ལས་མཉམ་སྐྲུན་བྱེད་པའི“ཧྲང་ཧའེ་ཚོད་ལྟའི་སྲོག་ཆགས་ཞིབ་འཇུག་ལྟེ་གནས་བདེ་ཆེན་ས་མཐོའི་ལག་རྩལ་ཞིབ་འཇུག་ཁང་”གི་རྣམ་གྲངས་ལ“ཧྲང་ཧའེ་དང་ཡུན་ནན་གྱི་ཚན་རྩལ་མཉམ་ལས་དཔེ་སྟོན་ས་ཚིགས”ཀྱི་སྒོ་བྱང་ཐོབ་ནས།རྒྱལ་ཡོངས་ཀྱི་ས་བབ་མཐོ་བའི་ཚོད་ལྟའི་སྲོག་ཆགས་ཚན་ཞིབ་སྟེགས་བུ་ཐོག་མ་དེ་བདེ་ཆེན་དུ་བཙུགས་པ་མཚོན་ཡོད་པ་རེད།

        རྣམ་གྲངས་དེས་བདེ་ཆེན་ཁུལ་ཚན་རྩལ་ཅུས་ཀྱིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་གྲོང་ཁུལ་གསར་པར་བསྐྲུན་པའི“བདེ་ཆེན་ས་མཐོའི་ཁྱད་ལྡན་སྐྱེ་དངོས་ཐོན་ཁུངས་ཕྱོགས་བསྡུས་ཚན་ཞིབ་ལས་སྟེགས”ལ་བརྟེན་ནས།མཉམ་ལས་ཐོག་ཞིབ་འཇུག་གསར་སྤེལ་སྒྲིག་གཞི་གསར་པ་བསྐྲུན་རྒྱུ་གཞི་རྟེན་དུ་བྱེད་པ་དང་། ཧྲང་ཧའེ་སྐྱེ་དངོས་དང་སྨན་རྫས་ཐོན་ལས་ཀྱི་དགོས་མཁོར་ཁ་ཕྱོགས་པ། ཧྲང་ཧའེ་ཚོད་ལྟའི་སྲོག་ཆགས་ཞིབ་འཇུག་ལྟེ་གནས་ཀྱི་ཤེས་ལྡན་མི་སྣའི་རིག་ནུས་ཐོན་ཁུངས་ནང་འདྲེན་བྱེད་པ། བདེ་ཆེན་གྱི་བོད་ཕག་ཚོད་ལྟའི་སྐྱེད་སྲིང་ཞིབ་སྤེལ་གཙོ་གནད་ཐོག་བྱེད་པ། ཚོད་ལྟའི་སྲོག་ཆགས་ས་མཐོའི་གཞི་རྒྱུའི་ཐོན་ཁུངས་མཛོད་དང་སྐྱེ་དངོས་མ་དཔེ་མཛོད་འཚོལ་ཞིབ་བྱས་ནས་འཛུགས་པ། ས་མཐོའི་ཚོད་ལྟའི་སྲོག་ཆགས་ཐོན་ཁུངས་ལ་གདེང་འཇོག་དང་། ཉར་ཚགས་དང་བེད་སྤྱོད་ཀྱི་ཐོན་སློབ་ཞིབ་གསུམ་གྱི་ཕྱོགས་བསྡུས་དཔེ་སྟོན་ལྟེ་གནས་སྐྲུན་པ་བཅས་ཀྱི་དཔེ་སྟོན་ལྟེ་གནས་གཏོད་པ་བཅས་རེད།