མི་རིགས་10ལྷག་ཙམ་འདུས་པའི་ཨ་ཏུན་ཙེ་སྡེ་ཁུལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-12-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        བདེ་ཆེན་ཁུལ་འཇོལ་རྫོང་ཧྲེང་ཕིང་གྲོང་རྡལ་ཨ་ཏུན་ཙེ་སྡེ་ཁུལ་དུ་རྒྱ་རིགས་དང་། དབྱིས་རིགས། པའེ་རིགས། བོད་རིགས་སོགས་མི་རིགས་10ལྷག་ཙམ་འདུས་ཡོད། མི་རིགས་མི་འདྲ་བའི་གྲོང་མི་ཞི་མཐུན་མཉམ་གནས་ཀྱིས་དྲོ་སྐྱིད་དང་ཁོང་ཡངས་ཀྱི་སྡེ་ཁུལ་ཞིག་ཐུན་མོང་ཐོག་བཏོད་ཡོད།

        སྡེ་ཁུལ་གྱི་གྲོང་མི་ཚོས་དུས་རྒྱུན་གྱི་འཚོ་བར་ཕན་ཚུན་ལ་རོགས་རམ་བྱས་ཏེ་ཐུན་མོང་ཐོག་སྡེ་ཁུལ་འཕེལ་རྒྱས་དང་དར་རྒྱས་ཡོང་རྒྱུར་གཏོད་ཡོད།

        སྡེ་ཁུལ་གྱི་གྲོང་མི་ཚོས་ནང་སྦྱོང་ཁང་དང་ཐང་ཆེན་སོགས་གང་ལེགས་སྤྱད་དེ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་གོ་སྐབས་སུ་བྱས་ནས་མདའ་འཕེན་དང་། གླུ་གར། སེང་རྩེད་སོགས་ཕུན་སུམ་ཚོགས་པའི་སྲོལ་རྒྱུན་རིག་གནས་ཀྱི་བྱེད་སྒོ་སྤེལ་ནས་མི་རིགས་ཁག་གི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྔར་བས་རྒྱུན་འཛིན་དང་། སྲུང་སྐྱོབ། གསར་གཏོད་འཕེལ་རྒྱས་བཅས་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་འཕེལ་རྒྱས་གཏོང་ཐུབ་པ་ལ་སྐུལ་འདེད་གཏོང་བ་རེད།

        སྡེ་ཁུལ་གྱིས་ད་དུང་ཨ་ཏུན་ཙེ་གནའ་གྲོང་གི་གཏིང་ཟབ་པའི་ལོ་རྒྱུས་རིག་གནས་ཀྱི་རྨང་གཞི་དང་ཕུན་སུམ་ཚོགས་པའི་གསར་བརྗེའི་རིག་གནས་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་མང་ཚོགས་ཀྱི་དཔལ་འབྱོར་ཡོང་འབབ་མང་དུ་གཏོང་བའི་དུས་མཚུངས་སུ་མི་རིགས་ཁག་གིས་སྡེ་ཁུལ་དུ་རྒྱ་ཁྱབ་ངང་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ནས་ཐུན་མོང་གི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཤིག་ཏུ་བསྐྲུན་ཡོད་པ་རེད།