《མི་རིགས་ཀྱི་རྩོམ་རིག》བོད་ཡིག་པར་མའི་རྩོམ་པ་པོ་དང་ལོ་ཙཱ་པའི་གསོ་སྦྱོང་འཛིན་གྲྭ་ཉིང་ཁྲི་ནས་བསྡུས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-12-15   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་གསར་འགྱུར།

    ཟླ12པའི་ཚེས13ཉིན། 《མི་རིགས་ཀྱི་རྩོམ་རིག》དང་བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་སྒྲུབ་དང་། བོད་རང་སྐྱོང་ལྗོངས་རྩོམ་པ་པོ་མཐུན་ཚོགས་དང་ཀྲུང་གུང་ཉིང་ཁྲི་གྲོང་ཁྱེར་དྲིལ་སྒྲོག་པུའུ་ཡིས་འགན་སྒྲུབ་གནང་ཞིང་། བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་རོགས་སྒྲུབ་གནང་བའི《མི་རིགས་ཀྱི་རྩོམ་རིག》བོད་ཡིག་པར་མའི་རྩོམ་པ་པོ་དང་ལོ་ཙཱ་པའི་གསོ་སྦྱོང་འཛིན་གྲྭ་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་ནས་བསྡུས།

    ཐེངས་འདིའི་གསོ་སྦྱོང་འཛིན་གྲྭར་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་བོད་རང་སྐྱོང་ལྗོངས་ཀྱི་སྲིད་གྲོས་ཀྲུའུ་ཞི་གཞོན་པ། བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་བཀྲ་ཤིས་ཟླ་བ། མི་རིགས་ཀྱི་རྩོམ་རིག་དུས་དེབ་ཁང་གི་གཙོ་སྒྲིག་པ་ཧྲི་དབྱི་ཉིན། ཀྲུང་གོ་སྨྱན་སྦྱོར་སློབ་ཆེན་གྱི་རིག་ཚན་དགེ་རྒན་ཆེན་མོའམ་མི་གཞུང་སློབ་གླིང་གི་གླིང་གཙོ་ཀྲང་ཅིང་། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ཟུར་པའམ་བོད་རང་སྐྱོང་ལྗོངས་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་བཀྲ་ཤིས་དཔལ་ལྡན། བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཟུར་པ་ཨོ་རྒྱན་རྡོ་རྗེ་སོགས་འབྲེལ་ཡོད་མགོ་ཁྲིད་དང་། མི་རིགས་ཀྱི་རྩོམ་རིག་བོད་ཡིག་པར་མའི་འགན་འཛིན་པ་དཔལ་རྒྱམ་དང་ངག་དབང་། བོད་ཀྱི་རྩོམ་རིག་སྒྱུ་རྩལ་རྩོམ་སྒྲིག་ཁང་གི་གཙོ་སྒྲིག་པ་ལྷ་གཡང་ནོར་བུ། གངས་རྒྱན་ན་ཆུང་ཚགས་པར་རྩོམ་སྒྲིག་ཁང་གི་གཙོ་སྒྲིག་པ་གཞོན་པ་དཔལ་ལྡན། སྦྲང་ཆར་རྩོམ་སྒྲིག་ཁང་གི་གཙོ་སྒྲིག་པ་གཞོན་པ་ཆོས་སྐྱོང་། ཟླ་ཟེར་རྩོམ་སྒྲིག་ཁང་གི་ལག་བསྟར་གཙོ་སྒྲིག་པ་ཆས་པ་རྟ་མགྲིན་ཚེ་རིང་། གངས་རྒྱན་མེ་ཏོག་རྩོམ་སྒྲིག་ཁང་གི་གཙོ་སྒྲིག་པ་གཞོན་པ་ཡེ་ཤེས་སྐྱབས། གངས་དཀར་རི་བོ་བོད་ཡིག་པར་མའི་འགན་འཛིན་པ་ཀུན་བཟང་རྣམ་རྒྱལ་སོགས་རྩོམ་སྒྲིག་པ།  དེ་མིན་བསམ་ཤོད་པ་དཀོན་མཆོག་ཡོན་ཏན་དང་། ཁྱུང་མཁར་བཀྲ་ཤིས་དོན་གྲུབ། ཁྱུང་ཐར་རྒྱལ། མཁའ་མོ་རྒྱལ། ནག་པོ། ས་དམར་གྲགས་པ། ཀ་ལ་དཔལ་སྒྲོན། ལྷ་མགོན། ཉྭ་སྲིན་པོ།སྡེ་རོང་རབ་རྒྱས། བསོད་ནམས་ལེགས་བཤད། སྨི་ཏི་མཚན་འབར། རྔ་བ་ཚེ་རིང་སྐྱིད། ཐབ་ཀ་བ། དགྲ་ཟོར། རྦབ་ཆུ། སོགས་རྩོམ་པ་པོའི་འཐུབ་ཚབ་མི60ལྷག་ཞུགས།

    གསོ་སྦྱོང་འཛིན་གྲྭའི་སྟེང་བཀྲ་ཤིས་དཔལ་ལྡན་དང་། ཀྲང་ཅིང་། ཨོ་རྒྱན་རྡོ་རྗེ་སོགས་ཆེད་མཁས་པས《བོད་ཀྱི་སྐད་བརྡ་གསར་བརྗེ་ལས་ཡི་གེ་དང་ཁ་སྐད་ཀྱི་བར་ཐག་ཉེ་རུ་གཏོང་ཐབས་ཀྱི་བློ་སྐྱེད》དང《དཔེ་མཚོན་ཅན་གྱི་རྩོམ་རིག་སྒྱུ་རྩལ་བརྙན་གླེང་བ》སོགས་འཆད་ཁྲིད་གནང་སྟེ་རྩོམ་པ་པོ་དང་ལོ་ཙཱ་པར་གསར་རྩོམ་ཐད་ནས་མཛུབ་སྟོན་གལ་ཆེན་གནང་། གཞན་ཡང་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་གྲོང་རྡལ་ཀ་ལ་གྲོང་ཚོར་ཕྱིན་ནས་ཡུལ་དངོས་རྟོག་ཞིབ་དང་མང་ཚོགས་ཀྱི་འཚོ་བར་ཟབ་ཞུགས་བྱས།