ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་རྒྱུད་ཀྱི་ལྗོངས་ཁུལ་འབའ་ལྷག་དཀར་རྫོང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-12-15   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    འབའ་ལྷག་དཀར་རྫོང་མཛེས་ལྗོངས་ཁུལ་ནི་ཡུན་ནན་དང་ཁྲོན་བོད་འབྲེལ་མཚམས་སུ་ཆགས་ལ།གཙང་གསུམ་མཉམ་བཞུར་འཛམ་གླིང་རང་བྱུང་ཤུལ་བཞག་རི་དམར་ཡུག་ཁུལ་གྱི་ལྟེ་བའི་མཛེས་ལྗོངས་ཁུལ་གྱི་གྲས་ཤིག་ཡིན་པ་དང་།སེམས་ཀྱི་ཉི་ཟླ་ཡུལ་སྐོར་ཁུལ་གྱི་ལྟེ་བའི་ས་ཁོངས་སུ་གནས་པ་རེད།སེམས་ཀྱི་ཉི་ཟླ་གྲོང་ཁུལ་དང་བར་ཐག་སྤྱི་ལེ་50་ཡོད་པ་རེད།ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་རྒྱུད་ཀྱི་ལྗོངས་ཁུལ་གཙོ་བོ་ཞིག་ཡིན་པ་རེད།

    མཛེས་ལྗོངས་ཁུལ་དུ་རྔམ་བརྗིད་ལྡན་པའི་གྲོག་རོང་ཆེན་པོའི་མཛེས་ལྗོངས་དང་།བརྗིད་ཆགས་ཡིད་དུ་འོང་བའི་གངས་རིའི་མཛེས་ལྗོངས།ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་འབའ་ལྷག་གྲོང་ཚོ།རང་བྱུང་ལས་གྲུབ་པའི་ཤམ་བྷ་ལ་མཆོད་རྟེན་སོགས་འདུས་ཡོད་པ་མ་ཟད།གཞན་གདོད་མའི་ནགས་ཚལ་དང་། ས་མཐོའི་མཚེའུ།ས་མཐོའི་འབྲོག་ར། འཁྱགས་ཀླུང་། གྲོག་རོང་སོགས་རང་བྱུང་མཛེས་ལྗོངས་ཡོད་པ་དང་དུས་མཚུངས་སུ་བོད་མི་རིགས་ཀྱི་མཚར་སྡུག་འོད་སྟོང་གི་དམངས་སྲོལ་རིག་གནས་ཡང་ཡོད་པས་གནས་འདི་ནི་ཡུལ་སྐོར་བ་ཚོས་ངེས་པར་དུ་ཡུལ་སྐོར་འོང་དགོས་པའི་གནས་མཆོག་ཅིག་ཡིན་པ་རེད།

དབྱར་དུས་ཀྱི་འབའ་ལྷག་དཀར་རྫོང་།

རྔམ་བརྗིད་ལྡན་པའི་གྲོག་རོང་ཆེན་པོ།

ཤམ་བྷ་ལ་མཆོད་རྟེན།

ཡུལ་སྐོར་བ།

འབའ་ལྷག་དཀར་རྫོང་གི་ས་མཐོའི་འབྲོག་རའི་སྟག་མའི་མེ་ཏོག་རྣམ་པར་བཞད།

འབའ་ལྷག་དཀར་རྫོང་གི་ས་མཐོའི་འབྲོག་རའི་གཡང་དཀར་ལུག་ཆུང་།